གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༨ཚེས་༣༡ཉིན།

༄༅།།ཁ་པར་གྱི་ངོས་ལ་འབུ་ཕྲ་མང་པོ་འདི་འདྲ་ཡོད་པ་ཁྱེད་ཀྱིས་མཁྱེན་ནམ།


            དེང་སྐབས། ཁ་པར་མེད་ན་སྡོད་ཐབས་བྲལ་ལ་དུས་ཚོད་སྐར་ཆ་ཙམ་ཡང་འཁྱོལ་དཀའ་བས། ཉིན་མ་ལོ་ལས་རིང་བའི་ཚོར་སྣང་ཞིག་ཡོང་གི་ཡོད། ད་འོ་ན། ཁྱེད་ཀྱིས་ཉིན་ལྟར་འགྲོགས་པའི་ཁ་པར་ལ་འབུ་ཕྲ་མང་པོ་འདི་འདྲ་ཡོད་པ་མཁྱེན་ནམ།

            དོན་དམ་པར། ཁ་པར་ཧ་ཅང་བཙོག་པོ་འདུག    
            རྣམ་ཀུན། ཁྱེད་རང་ཁ་པར་དང་སྐར་མ་གཅིག་ཀྱང་བྲལ་མི་འདོད་མཁན་ཞིག་ཡིན་ན། ད་ལྟ་ཁྱེད་རང་གི་ཁ་པར་ལ་གཅིག་བྱས་ན་འབུ་ཕྲས་ཁེངས་ཡོད་ཤས་ཆེ། གཤམ་གྱི་པར་འདི་རིགས་ནི་མིག་གིས་བལྟས་ན་གམ་གཙང་བའི་ཁ་པར་ཞིག་ཕྲ་མཐོང་ཆེ་ཤེལ་གྱིས་བཏོན་པའི་ངོ་རིས་ངོ་མ་རེད། 

            ང་ཚོ་མཉམ་དུ་ཚོད་ལྟ་གཅིག་གནང་དང་། 
            ད་རེས་ཀྱི་ཚོད་ལྟ་བྱ་ཡུལ་ལ་བརྙན་ཤེལ་ཆུང་བའི་ཁ་པར་དང་རྟག་ཏུ་རྩེད་མོ་རྩེ་བའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་སོགས་ཡོད་ཅིང་། ཁ་པར་མི་འདྲ་བར་འབུ་ཕྲ་སྐྱེད་སྲིང་གི་སྨན་འབྱུག་པ་དང་ཆབས་ཅིག དྲོད་ཚད་སྙོམས་པའི་སྒོ་ང་སྙོལ་སའི་སྒམ་ཆུང་ནང་དུ་བླུགས་ནས་ཞིབ་པར་བལྟས་ཚེ།

          ཆུ་ཚོད་24ཡི་རྗེས་སུ། སྒོང་སྙོལ་སྒམ་ཆུང་ནང་གི་ཁ་པར་ལ་ཁབ་ལྟར་ཕྲ་ཞིང་། འབྲས་ལས་ཆུང་བའི་འབུ་ཕྲ་ཐོན་མོད། རྒྱུན་དུ་ཕྱིས་འདར་བརྒྱབ་པའི་ཁ་པར་ལ་འབུ་ཕྲ་ཐོན་མི་སྲིད་སྙམ་ནས་གཙང་མ་ཡིན་པར་ངོས་འཛིན་གྱི་ཡོད། ཡིན་ནའང་། ཡང་བསྐྱར་ཆུ་ཚོད་24ཕྱིན་ནས་ལྟ་སྐབས། ཁ་པར་དེར་གཞན་དང་འདྲ་བར་མིག་གིས་མཐོང་ཐུབ་པའི་འབུ་ཕྲ་ཐོན་ཡོད། སྔོན་ལ་འབུ་ཕྲ་ཐོན་པའི་ཁ་པར་ལ་ད་ལྟ་འབྲས་རྡོག་ལས་ཆེ་བའི་འབུ་ཕྲ་མང་པོ་ཐོན་འདུག
          ཡང་ཆུ་ཚོད་24བཞག་ནས་ལྟ་སྐབས། ཚོད་ལྟ་བྱེད་པའི་ཁ་པར་ཚང་མར་མདོག་མི་འདྲ་ཞིང་ཆེ་ཆུང་མི་གཅིག་པའི་འབུ་ཕྲ་གསལ་པོར་མཐོང་གི་ཡོད། འབུ་ཕྲ་ཆེ་ཤོས་རྒྱ་སྲན་ལས་ཆེ་ཙམ་འདུག 

ཁ་པར་ཧ་ཅང་བཙོག་པ་ཆགས་རྗེས་གཞི་ནས་འཕྱི་བའི་ཁ་པར་ཐོག་ཐོན་པའི་འབུ་ཕྲ།

རྒྱུན་དུ་རྩེད་མོ་རྩེ་བའི་ཁ་པར་ལ་ཐོན་པའི་འབུ་ཕྲ། 

            རིགས་གཅིག་མཁས་ཅན་གྱིས་ཁ་པར་གྱི་ངོས་སུ་ཡོད་པའི་འབུ་ཕྲ་མང་ཆེ་བ་ཉིན་7འཚོ་ཐུབ་པ་མ་ཟད། ཁག་གཅིག་ད་དུང་ཉིན་མ་21ཙམ་འཚོ་ཐུབ་ཀྱི་ཡོད་ཅེས་བརྗོད།
            དེར་བརྟེན། དུས་རྒྱུན་འཚོ་བའི་ནང་ཁ་པར་ཚད་རན་པོའི་སྒོ་ནས་སྤྱོད་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་བར་སྣང་། 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1