ཕྱུག་འགྱུར་གྱི་རེ་བ་བསྐང་ཐུབ་པའི་ཤིང་ཏོག་ལི་སོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-01


ཁྲོ་ཆུ་རྫོང་ཙ་བུ་ཡུལ་ཚོ་སེའུ་ལེ་གྲོང་སྡེའི་སྡེ་མི་ཝང་ཞི་ཏུང་གིས་ཤིང་ཏོག་ལི་སོབ་འཕེལ་རྒྱས་སུ་བཏང་བའི་གནས་ཚུལ་བཀོད་པ།


     ཕྱིར་ལོར་ཤིང་ཏོག་ལི་སོབ་ལ་དོ་དམ་ཡག་པོ་བྱ་དགོས་ལ། ཤིང་ཏོག་ལི་སོབ་ཀྱི་ཐོན་ཚད་མང་དགོས་པ་དང་ཆབས་ཅིག་ལི་སོབ་ཀྱི་སྤུས་ཀར་འགན་ལེན་བྱེད་དགོས་ཞེས། ཉིན་འགའི་སྔོན་དུ་གསར་འགོད་པ་ཁྲོ་ཆུ་རྫོང་ཙ་བུ་ཡུལ་ཚོ་སེའུ་ལེ་གྲོང་སྡེའི་ཡུན་ཏིང་ཞིང་ལས་ཚད་ཡོད་ཀུང་སིའི་ཤིང་ཏོག་ལི་སོབ་ཀྱི་རྟེན་གཞི་རུ་སྐྱོད་སྐབས། རྟེན་གཞིའི་འགན་ཁུར་བ་ཝང་ཞི་ཏུང་གིས་ད་ལོའི་ཤིང་ཏོག་ལི་སོབ་ཀྱི་སྐྱེ་ཚུལ་ལ་དམིགས་ནས་ལག་རྩལ་བ་ཀྲོའུ་ཡུས་ལིའང་ལ་ལས་ཀ་བཀོད་སྒྲིག་བྱེད་བཞིན་ཡོད།
     མིག་སྔར། རྟེན་གཞི་རུ་མུའུ་100ལྷག་ཡོད་པའི་ཤིང་ཏོག་ལི་སོབ་ཀྱི་སྡོང་བོའི་མགོར་ལི་སོབ་ཐོག་ཡོད་པ་དང་། ཟླ་9བའི་ནང་ལི་སོབ་སྨིན་ཐུབ་མོད། འོན་ཀྱང་ལི་སོབ་ཕལ་ཆེར་ཚོང་བ་ཚོས་མངག་ཉོ་བྱས་ཚར་འདུག
     ཉེ་བའི་ལོ་ཤས་རིང་། ཁྲོ་ཆུ་རྫོང་གིས་ལུང་གཞུང་གི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་དེང་རབས་ཅན་གྱི་ཞིང་ལས་གཉེར་སྟངས་སྤྱད་དེ་རྫོང་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་དབུལ་ཕོངས་ལས་ཐར་རོགས་བྱས། ཐོན་ལས་དྲུག་འཕེལ་རྒྱས་སུ་གཏོང་བའི་བརྒྱུད་རིམ་ཁྲོད་ཙ་བུ་ཡུལ་ཚོ་སེའུ་ལེ་གྲོང་སྡེའི་སྡེ་མི་ཝང་ཞི་ཏུང་གིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་པོར་བཟུང་སྟེ་ཤིང་ཏོག་ལི་སོབ་འཕེལ་རྒྱས་སུ་བཏང་ནས་ཕྱུག་འགྱུར་གྱི་ལམ་བུ་ཞིག་རྙེད།
ཤིང་ཏོག་ལི་སོབ་ཀྱི་རྟེན་གཞི།
     2019ལོར། ཝང་ཞི་ཏུང་གིས་རང་གི་མ་དངུལ་བཏང་ནས་ཞིང་ས་མུའུ་གཅིག་ལ་སྒོར་1000ལྟར་སྐོར་སྤྱོད་བྱས་ནས། ཤིང་ཏོག་ལི་སོབ་ཀྱི་རྟེན་གཞི་བསྐྲུན་པར་མ་ཟད། མའོ་རྫོང་ནས་ལག་རྩལ་བ་གདན་དྲངས་ཏེ་རྟེན་གཞིར་དོ་དམ་བྱས།
     རྒྱུས་ལོན་པ་ལྟར་ན། ཤིང་ཏོག་ལི་སོབ་ཀྱི་རྟེན་གཞི་ནི་མཚོ་ངོས་ལས་མཐོ་ཚད་སྨི་2000ཡས་མས་སུ་ཆགས་ཡོད་ཅིང་། ཉི་འོད་ཕོག་ཚད་ཆེ་ཞིང་ཉིན་མཚན་དྲོ་གྲང་གི་ཧེ་བག་ཆེ་བས། ཤིང་ཏོག་ལི་སོབ་ཀྱི་བྲོ་བ་ཞིམ་པར་ཕན་པར་མ་ཟད། མཚོ་ངོས་ལས་མཐོ་ཚད་མཐོ་ཞིང་སྨིན་ཚད་འཕྱི་བས་ཤིང་ཏོག་ལི་སོབ་ཀྱི་ཁྲོམ་རའི་འགྲན་ཤུགས་ཇེ་ཆེར་ཕྱིན་ཐུབ།
     ཁྱད་ལྡན་ཐོན་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་ཆེད། ཁྲོ་ཆུ་རྫོང་ཚན་རྩལ་དང་ཞིང་ལས་ཕྱུགས་ལས་ཅུས་ཀྱིས་མ་དངུལ་སྒོར་ཁྲི་200ལྷག་བཏང་ནས་ཆུ་འདྲེན་མ་ལག་བསྐྲུན་ནས། ཁྱད་ལྡན་ཐོན་ལས་དང་རིག་ལྡན་ཞིང་ལས་སྦྲེལ་བས་སྤུས་ལེགས་ཀྱི་ཤིང་ཏོག་དང་སྔོ་ཚལ་ཐོན་སྐྱེད་ཐུབ་པའི་རྣམ་པ་ཆགས་ཡོད།
ཝང་ཞི་ཏུང་གིས་ཤིང་ཏོག་ལི་སོབ་ཀྱི་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པ།
     ཝང་ཞི་ཏུང་གིས། ཤིང་ཏོག་ལི་སོབ་འཕེལ་རྒྱས་སུ་ཕྱིན་པའི་དུས་མགོར། མང་ཚོགས་ཀྱིས་ང་ལ་ཡིད་ཆེས་མེད་པས་ས་ཞིང་བདག་ལ་བཀོལ་སྤྱོད་བྱེད་དུ་མ་བཅུག དེ་ནས་མང་ཚོགས་དང་ཁ་བརྡ་ཐེངས་མང་བྱས་རྗེས་ད་གཟོད་མང་ཚོགས་ཀྱི་ཞིང་ས་བཀོལ་སྤྱོད་བྱས་པ་རེད་ཅེས་བཤད།
     སེའུ་ལེ་གྲོང་སྡེ་ལས་གཞན། ད་དུང་ཙ་བུ་ཡུལ་ཚོ་གློར་བྷ་གྲོང་སྡེ་དང་། ཙོ་བྷ་གྲོང་སྡེ། གཞོ་རོ་གྲོང་སྡེ། དབོ་བོ་གྲོང་སྡེ་རུ་ཤིང་ཏོག་ལི་སོབ་ཀྱི་སྡོང་བོ་བཙུགས་ཡོད། མིག་སྔར། ཤིང་ཏོག་ལི་སོབ་ཀྱི་སྡོང་བོ་མུའུ་600ལྷག་བཙུགས་ཡོད་ལ། སྡེ་མི་ཚོས་རྟེན་གཞི་རུ་ཞོར་ལས་གཉེར་ཐུབ་པར་མ་ཟད། ད་དུང་ཤིང་ཏོག་ལི་སོབ་དོ་དམ་གྱི་ལག་རྩལ་སྦྱངས་ཐུབ། སེའུ་ལེ་གྲོང་སྡེའི་སྡེ་མི་ནན་ཅའོ་ཡིས། ང་ཚོས་རྟེན་གཞི་རུ་ཞོར་ལས་གཉེར་ན་ཉིན་རེར་སྒོར་100ཡོད་ལ། ཉིན་འདི་དག་གི་རིང་ལ་ང་ལ་ཡོང་འབབ་སྒོར་1000ལྷག་ཡོད་ཅེས་བཤད།
     མིག་སྔའི་བར་དུ་ཝང་ཞི་ཏུང་གིས་མ་དངུལ་སྒོར་ཁྲི་20ལྷག་བཏང་ནས་ཤིང་ཏོག་ལི་སོབ་འཕེལ་རྒྱས་སུ་བཏང་ཡོད་པ་དང་། ལོ་3འགོར་རྗེས་ཤིང་ཏོག་ལི་སོབ་ཀྱི་ཐོན་ཚད་ལེགས་པའི་དུས་ཡིན་ལ། སྐབས་དེར་མུའུ་གཅིག་ལ་ཤིང་ཏོག་ལི་སོབ་རྒྱ་མ་8000ཐོན་ཐུབ་པ་དང་། ཡོང་འབབ་སྒོར་ཁྲི་400ཡོད་ཐུབ། ཤིང་ཏོག་ལི་སོབ་ནི་མང་ཚོགས་ཕྱུག་པོར་གྱུར་བའི་རེ་བ་བཅོལ་ས་ཡིན་པ་དང་། ཤིང་ཏོག་ལི་སོབ་ཀྱིས་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་ཡངས་པོར་ཕྱེས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1