ཅི་ནན་གྱིས་ཨ་རིར་འཕུར་བའི་ཟོག་འདྲེན་གནམ་གྲུའི་མཁའ་ལམ་ཐོག་མ་བཏོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-03


 
    ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཅི་ནན་གྲོང་ཁྱེར་འགག་སྒོ་དང་ཟོག་འགྲེམས་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པ་ལྟར་ན། MD-11ཟོག་འདྲེན་གནམ་གྲུ་ཞིག་ཅི་ནན་གྱི་རྒྱལ་སྤྱིའི་གནམ་ཐང་དུ་བབས་པ་དང་ཆབས་ཅིག ཉེ་ཆར་ཅི་ནན་ནས་ལུའོ་ཧྲན་ཅི་བར་གྱི་ཟོག་འདྲེན་གནམ་གྲུའི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་ཅིང་། ཅི་ནན་གྱིས་བཏོད་པའི་ཨ་རིར་འཕུར་བའི་ཟོག་འདྲེན་གནམ་གྲུའི་མཁའ་ལམ་དང་པོར་གྱུར་ཡོད།
    ཤེས་རྟོགས་བྱུང་བ་ལྟར་ན། ཅི་ནན་ནས་ལུའོ་ཧྲན་ཅི་བར་གྱི་ཟོག་འདྲེན་གནམ་གྲུའི་མཁའ་ལམ་དེ་ཅི་ནན་ཆོན་ཁྲེང་རྒྱལ་སྤྱི་ཟོག་འགྲེམས་ཚད་ཡོད་ཀུང་སིས་གཉེར་སྐྱོང་བྱས་པ་དང་། ཨ་རིའི་ནུབ་རྒྱུད་གོ་ལ་ཧྲིལ་པོའི་མཁའ་འགྲུལ་ཀུང་སིས་འཕུར་འགན་འཁུར་ཁར་གནམ་གྲུ་ནི་MD-11ཟོག་འདྲེན་གནམ་གྲུ་ཡིན་ལ་ཐེག་ཚད་ནི་ཏུན་85ཡིན། གཟའ་འཁོར་རེར་ཐེངས་གཉིས(གཟའ་མིག་དམར་དང་། གཟའ་པ་སངས)ལ་ཅི་ནན་རྒྱལ་སྤྱིའི་གནམ་ཐང་དང་ལུའོ་ཧྲན་ཅི་རྒྱལ་སྤྱིའི་གནམ་ཐང་བར་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1