གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས། ཁྲིམས་ལུགས་ཚགས་པར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༩ཚེས་༠༤ཉིན།

༄༅།།གཉེན་སྒྲིག་དཔང་ཡིག་བླངས་མེད་ཀྱང་། དངུལ་བུན་འཇལ་བའི་འགན་འཁྲི་ཡོད།

          གྱོད་དཔེ།
 
          ཚེ་རིང་དང་མཚོ་མོ་གཉིས་ཀ་མཐུན་པོ་ཡོད་ཀྱང་གཉེན་སྒྲིག་གི་འདོད་བློ་མེད།  2018ལོར་ཚེ་རིང་གིས་རང་གི་མིང་ཐོག་ན་ཡོད་པའི་ཁང་པ་ཕྱིར་འཚོང་བྱས་རྗེས། ད་ལྟའི་བར་དུ་མཚོ་མོ་ཚང་ནས་བསྡད་དེ་མཉམ་དུ་འཚོ་བ་རོལ་བཞིན་ཡོད། ཉེ་ལམ་ཁོའི་ཚོང་ལས་ལ་གནད་དོན་བྱུང་བས་བུ་ལོན་གང་མང་ཞིག་གཞན་ལ་ཆད་ཡོད།
          ཕྲན་དཔྱད།
 
          《ཁྲིམས་ཁང་གིས་གཉེན་སྒྲིག་ཐོ་འགོད་མ་བྱས་པར་ཁྱོ་ཤུག་གི་མིང་ཐོག་ནས་མཉམ་སྡོད་བྱས་པའི་གྱོད་གཞིར་ཞིབ་གཅོད་བྱ་བའི་སྐོར་གྱི་བསམ་འཆར་འགའ》ཡི་གཏན་འབེབས་ལྟར་ན། ཁྲིམས་འགལ་གྱི་མཉམ་སྡོད་འབྲེལ་བ་མེད་པར་བཟོ་སྐབས། མཉམ་སྡོད་དུས་ཡུན་ནང་ཐུན་མོང་གིས་ཐོན་སྐྱེད་བྱས་པའམ། ཡང་ན་འཚོ་བའི་བུན་དབང་དང་བུ་ལོན་དེ་དག་ཐུན་མོང་གི་བུན་དབང་དང་བུ་ལོན་ལྟར་ཐག་གཅོད་བྱས་ཆོག་ཅེས་བཀོད་ཡོད།
          གྱོད་དོན་འདིར་གཞིགས་ན། གལ་ཏེ་ཚེ་རིང་གི་བུ་ལོན་ནི་ཕྱོགས་གཉིས་ཀས་ཐུན་མོང་གི་འཚོ་བ་དང་ཐོན་སྐྱེད་གཉེར་སྐྱོང་གི་དགོས་མཁོའི་ཆེད་དུ་བཀོལ་སྤྱོད་བྱས་པ་ཡིན་ན། མཉམ་སྡོད་བྱེད་རིང་གི་ཐུན་མོང་གི་བུ་ལོན་དུ་བརྩི་རྒྱུ་དང་། གལ་ཏེ་བུ་ལོན་ནི་ཚེ་རིང་གིས་མི་སྒེར་གྱི་ཚོང་ལས་ལ་བཀོལ་ནས་སྒེར་གྱི་འགྲོ་སོང་ལ་མཁོ་སྤྲོད་བྱས་པ་ཡིན་ན། དེ་ནི་མི་སྒེར་གྱི་བུ་ལོན་ལ་གཏོགས། གལ་ཏེ་བུ་ལོན་དེར་ཚེ་རིང་དང་མཚོ་མོ་གཉིས་ཀ་མཉམ་སྡོད་བྱེད་རིང་གི་ཐུན་མོང་གི་འཚོ་བར་སྤྱད་པའི་དཔང་རྟགས་ཡོད་ན། ཁོ་གཉིས་ཀར་བུ་ལོན་འཇལ་འགན་ཡོད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1