ཞི་ཅིན་ཕིང་གིས་རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། 09-10


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དགེ་རྒན་དུས་ཆེན་སྐབས་སོ་དྲུག་པ་སླེབས་ལ་ཉེ་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
        ཞི་ཅིན་ཕིང་གིས་བསྟན་དོན། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་ལ་གདོང་གཏོད་ཆེད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་དཀའ་ངལ་ལ་མ་འཛེམས་པར་མདུན་དུ་བསྐྱོད་དེ་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་“སློབ་མཚམས་བཞག་ཀྱང་སློབ་སྦྱོང་དང་སློབ་ཁྲིད་མཚམས་མི་འཇོག་པའི”འཐབ་ཕྱོགས་གཉིས་ཀྱི་ཐོག་འབད་འཐབ་བྱས་ཏེ། སློབ་མ་མང་པོའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་དང་། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་དྲ་ཐོག་སློབ་གསོར་འདེགས་སྐྱོར་བྱས་ནས་རིམས་ནད་ལ་འགོག་རྒོལ་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་འགག་སྒྲོལ་ཐག་གཅོད་བྱེད་པའི་ལོ་ཡིན་པས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་གཅེས་སེམས་དང་བློ་གྲོས་ལ་བརྟེན་ནས་མི་རབས་ནས་མི་རབས་བར་དབུལ་ཕོངས་དུ་འགྱུར་བ་བཀག་འགོག་དང་། གྲོང་གསེབ་ཀྱི་བྱིས་པ་ཁྲི་སྟོང་མང་པོའི་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱས་ཏེ་དེང་རབས་ཀྱི་མི་དམངས་དགེ་རྒན་གྱི་བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་དང་འགན་འཁྲི་མཚོན་པར་བྱས་ཡོད། དེ་མིན། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་ཐོག་མའི་བསམ་འདུན་མི་བརྗེད་པ་བྱས་ཏེ། ཏང་ལ་འཇོན་མི་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་དུས་རབས་གསར་པའི་སློབ་གསོ་དང་སློབ་ཁྲིད་བྱེད་ཐབས་འཚོལ་ཞིབ་དང་། དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པར་བྱས་རྗེས་གསར་པ་གསར་བ་འབུལ་དགོས།
        ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལྷག་བསམ་ཟོལ་མེད་ངང་དགེ་རྒན་ལ་ཐུགས་ཁུར་དང་། དགེ་རྒན་རྣམས་ལ་དངོས་གནས་སྤྱི་ཚོགས་ཀྱིས་བརྩིས་མཐོང་བྱེད་པ། མི་རྣམས་ཡིད་སྨོན་སྐྱེ་འོས་པའི་ལས་རིགས་ཤིག་ཏུ་འགྱུར་བར་བཏང་སྟེ། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་དར་སྲོལ་བཟང་པོ་བསྐྲུན་དགོས། ད་སྐབས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཕྱོགས་ཡོངས་ནས་སློབ་གྲྭར་བསྐྱར་ཞུགས་དང་། རྒྱུན་ལྡན་ངང་སློབ་གྲྭར་བསྐྱར་ཞུགས། བདེ་འཇགས་ངང་སློབ་གྲྭར་བསྐྱར་ཞུགས་བཅས་བྱ་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
        ད་ལྟ་རང་རྒྱལ་ལ་རིམ་པ་སོ་སོ་དང་རིགས་མི་འདྲ་བའི་ཆེད་བསྐོས་དགེ་རྒན་ཁྲི1732ཡོད་པ་རེད། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་རིམས་ནད་བྱུང་བའི་སྐབས་སུ་གཞི་ཁྱོན་ཆེ་བའི་དྲ་ཐོག་སློབ་ཁྲིད་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱི་སློབ་མ་དུང་ཕྱུར2.8ལ་སྣ་མང་ཅན་གྱི་སློབ་སྦྱོང་གི་དགོས་མཁོ་བསྐངས་བས་སློབ་གསོ་སློབ་ཁྲིད་བྱེད་སྟངས་ལ་གསར་བརྗེའི་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་ལ། གྲོང་གསེབ་ཀྱི་དགེ་རྒན་ཁྲི་ཚོ་བརྒྱ་ཕྲག་ཁ་ཤས་དང་། དམིགས་བསལ་ལས་གནས་ཀྱི་དགེ་རྒན་ཁྲི་ཚོ་བརྒྱ་ཙམ། སློབ་སྐྱོར་དགེ་རྒན་ཁྲི་ཚོ་བཅུ་ཕྲག་ཁ་ཤས་བཅས་ཀྱིས་ཆེས་མཐའ་འཁོབ་དང་། ཆེས་དབུལ་ཕོངས། ཆེས་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་བརྟན་སྲུང་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཅད་ལྟར་ལེགས་སྒྲུབ་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་བྱས་རྗེས་བླ་མེད་བཞག་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1