གེ་སར་མཁར་གྲོང་གནའ་ཉམས་གསར་དུ་ངོམ། དཀར་མཛེས་ཡུལ་གྲུ་འཕེལ་ཁ་རབ་ཏུ་དར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-11



འབུམ་ཤོག་བཅོ་བརྒྱད་པ་ཅི་འདྲ་བྱས་ནས་གྲུབ།

1937ལོའི་སྤྱི་ཟླ8པའི་ཚེས25ཉིན་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཧྲའན་ཀན་ཉིན་གསུམ་གྱི་འབྲེལ་མཚམས་ས་ཁུལ་དུ་བཅའ་སྡོད་བྱེད་པའི་ཀྲུང་གོའི་བཟོ་ཞིང་དམར་དམག་གི་ངོས་ཕྱོགས་དཔུང་ཚོགས་དང་པོ་དང་། གཉིས་པ། བཞི་པ་དང་ནུབ་བྱང་གི་དམར་དམག་རྒྱལ་དམངས་གསར་བརྗེའི་དམག་གི་དམག་སྡེ་བརྒྱད་པར་བཅོས་སྒྲིག་བྱ་རྒྱུའི་བཀའ་ཕབ་པ་རེད། ཀྲུའུ་ཏེ་དང་ཕེང་ཏེ་ཧོའེ་ཡིས་སྤྱི་ཁྱབ་བཀོད་འདོམས་པ་རྒན་གཞོན(སྤྱི་ཟླ9པར་སྤྱི་ཁྱབ་དམག་སྤྱི་རྒན་གཞོན་ཞེས་པར་བསྒྱུར། ) དེའི་ཁོངས་སུ་མི་ཁྲི115དང129བཅས་གཏོགས་ཤིང་། ཁྱོན་བསྡོམས་མི་ཁྲི4.6ཡོད། ལོ་བརྒྱད་ཀྱི་འཇའ་འགོག་དམག་འཁྲུག་ཁྲོད་དུ། བསྡོམས་པས་འཇའ་དམག་དང་རྫུན་དམག་ཁྲི125ལྷག་ཚར་གཅོད་བྱས་པ་དང་། དམག་མི་ཁྲི100ལྷག་ལ་སླེབས་པས། རྗེས་ཀྱི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་པ་རེད། །

གེ་སར་མཁར་གྲོང་གནའ་ཉམས་གསར་དུ་ངོམ། དཀར་མཛེས་ཡུལ་གྲུ་འཕེལ་ཁ་རབ་ཏུ་དར།
གེ་སར་རྒྱལ་པོའི་མཁར་གྲོང་།

བཅིངས་འགྲོལ་དམག་འབུམ་ཤོག་བཅོ་བརྒྱད་པའི་ས་དོང་ཁྱུ་ཚོགས།

བཅིངས་འགྲོལ་དམག་གི་འབུམ་ཤོག་བཅོ་བརྒྱད་པའི་ས་དོང་ཁྱུ་ཚོགས་ཀྱི་རྗེས་ཤུལ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གྲོང་ཁུལ་དང་སྤྱི་ལེ4ཙམ་རྒྱང་བའི་སྲིབ་ངོ་ཡུལ་ཤོག་ཏུ་ཡོད་ཅིང་། 1951ལོར་སྐྲུན་མགོ་བཙུགས་པའི་བཅིངས་འགྲོལ་དམག་འབུམ་ཤོག་བཅོ་བརྒྱད་པ་དང་དེ་མིན་སྤུན་ཟླ་དམག་དཔུང་གིས་དཀར་མཛེས་གནམ་གྲུ་ཐང་སྐྲུན་སྐབས་ཀྱི་བཅའ་སྡོད་བྱ་ཡུལ་རེད། གཞི་ཁྱོན་བཟུང་ཚད་སྤྱི་ལེ་གྲུ་བཞི་མ1.9ཡོད་པའི་ས་དོང་ཁྱུ་ཚོགས་འདི་རི་ངོས་དང་བསྟུན་ནས་བརྐོས་ཤིང་། ད་ལྟ་ས་དོང1000ལྷག་སོར་གནས་བྱས་ནས་ཡོད་པ་རེད། 1951ལོའི་དཔྱིད་ཀར་འབུམ་ཤོག་བཅོ་བརྒྱད་པའི་སྔོན་སྐྱོད་དམག་དཔུང་གིས་ཆབ་མདོ་གཡུལ་འགྱེད་བྱས་ནས་རྒྱལ་ཁ་ཐོབ་ནས་མཇུག་བསྒྲིལ་པའི་སྐབས་སུ་དམག་དཔུང་གི་དམག་རྒྱགས་རྟ་ཆག་དང་འབྲུ་རིགས་གསོག་འཇོག་བྱ་རྒྱུ་ཧ་ཅང་དཀའ་མོ་ཡིན་པར་བརྟེན། གོང་རིམ་གྱིས་དཀར་མཛེས་གནམ་གྲུ་ཐང་མྱུར་སྐྲུན་བྱས་ནས་མཁའ་ལམ་བསྐྲུན་རྒྱུའི་གཏན་འཁེལ་བྱས་མཐར། བོད་བཅིངས་འགྲོལ་གཏོང་བར་ནུས་པ་ཆེན་པོ་ཐོན་ཡོད་པ་རེད། དེའི་སྐབས་སུ་གནམ་གྲུ་ཐང་སྐྲུན་མཁན་གྱི་དམག་མི་ཁྲི3ལྷག་ཡོད་ཅིང་། དམག་དཔུང་གི་དཔོན་དམག་ཚོ་འཚོ་གནས་དེ་བས་ཡག་པོ་ཡོང་བ་བྱ་ཆེད། དམག་དཔུང་གི་མགོ་ཁྲིད་ཀྱིས་གནམ་གྲུ་ཐང་རྒྱུག་ལམ་གྱི་ལྷོ་ངོས་དང་ནུབ་ངོས་ཀྱི་རི་ལྡེབས་སུ་ས་དོང་བརྐོ་རྒྱུའི་བཀའ་ཕབ་ནས་ས་དོང་འདི་རིགས་གྲུབ་པ་རེད།

གེ་སར་མཁར་གྲོང་གནའ་ཉམས་གསར་དུ་ངོམ། དཀར་མཛེས་ཡུལ་གྲུ་འཕེལ་ཁ་རབ་ཏུ་དར།
དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་།

དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་ སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་།

དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་ཕྲེང་ལྔ་པའི་མཛའ་འབྲེལ་འཇིམ་བརྙན་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ཆུ་ཁ་གྲོང་སྡེའི་ནང་ཆགས་ཡོད་པ་རེད། དྲན་གསོ་ཁང་འདི་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་བཅུ་པར་བསྐྲུན་པ་དང་སའི་གཞི་ཁྱོན་བཟུང་ཚད་སྨི་གྲུ་བཞི་མ་ཁྲི2 དང་བཟོ་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ1300ཡོད་པ་རེད། 1991ལོར་རྨང་གཞི་དེའི་ཐོག་མཛའ་འབྲེལ་འཇིམ་སྐུ་བཟོས་ནས1993ལོར་བཟོ་སྐྲུན་མཇུག་བསྒྲིལ་ཏེ་ཕྱི་ཕྱོགས་ལ་སྒོ་ཕྱེ་བ་རེད། ལོ་བཅུ་ལྷག་གི་རིང་ལ་འབད་བརྩོན་བྱས་པར་བརྒྱུད། དྲན་གསོ་ཁང་གི་གཞི་ཁྱོན་ངེས་ཅན་ཞིག་ཆགས་ནས་དྲན་གསོ་ཁང་གི་ནང་འབྱུང་གཞི་ར་སྤྲོད་བྱེད་རིན་ཡོད་པའི་གསར་བརྗེའི་རིག་གནས་དངོས་རྫས་བསྡུ་ཉར་བྱས་ཏེ་དཀར་མཛེས་ཁུལ་གྱི་གལ་ཆེའི་རྒྱལ་གཅེས་སློབ་གསོའི་རྟེན་གཞི་གྲུབ་པ་རེད། 2003ལོར་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སི་ཁྲོན་ཞིང་ཆེན་རྒྱལ་གཅེས་སློབ་གསོའི་རྟེན་གཞིའི་ནང་བཞག་པ་རེད། 2010ལོའི་སྤྱི་ཟླ11པའི་ཚེས22ཉིན་དཀར་མཛེས་ཁུལ་སྲིད་གཞུང་གིས་སྤྱི་བསྒྲགས་བཀྲམ་ནས་ཚན་པ་བཞི་པའི་ཁུལ་རིམ་པའི་རིག་གནས་དངོས་རྫས་སྲུང་སྐྱོང་སྡེ་ཚན་དུ་ཞིབ་བཤེར་གཏན་འབེབས་བྱས་པ་རེད།

གེ་སར་མཁར་གྲོང་གནའ་ཉམས་གསར་དུ་ངོམ། དཀར་མཛེས་ཡུལ་གྲུ་འཕེལ་ཁ་རབ་ཏུ་དར།
དམར་དམག་འབུམ་ཤོག་བཅོ་བརྒྱད་པའི་ས་དོང་།

གེ་སར་རྒྱལ་པོའི་མཁར་གྲོང་།

གེ་སར་རྒྱལ་པོའི་མཁར་གྲོང་གི་ཡུལ་སྐོར་ལྗོངས་ཁུལ་ནི་དཀར་མཛེས་རྫོང་གྲོང་ཁུལ་ལྷོ་ངོས་ཀྱི་རྒྱལ་སྲུང་གཞུང་ལམ317པ་བརྒྱུད་ཡུལ་དུ་ཆགས་ཡོད་པ་རེད། ལྗོངས་ཁུལ་འདི་ནི་གཙོ་བོ་གེ་སར་རྒྱལ་པོའི་མཁར་གྲོང་དང་ཉག་ཆུའི་འདམ་ར་གླིང་ག་གཉིས་ལས་གྲུབ་པ་རེད། ལྗོངས་ཁུལ་འདིའི་ནང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། སྤྱི་ཚོགས་རིག་གནས་ཀྱི་ནང་དོན་ཞིབ་ཆ་ཡོད་ལ་ཐོན་ཁུངས་ཀྱི་སྤུས་ཀ་དག་ཚད་མཐོ་བ་བཅས་རེད། གཙོ་བོ་སྤྱི་ཚོགས་རིག་གནས་ཀྱི་མཛེས་ལྗོངས་དང་རང་བྱུང་རི་ཆུའི་མཛེས་ལྗོངས། ས་ངོས་ཆགས་ཚུལ་གྱི་མཛེས་ལྗོངས། ཆུ་ཀླུང་གི་མཛེས་ལྗོངས། ནམ་མཁའི་གནས་ཚུལ་གྱི་མཛེས་ལྗོངས། ཞིང་སྡེ་ཡུལ་ལྗོངས་དང་སྐྱེ་ཁམས་ཞིང་འབྲོག་ལས་ལ་མྱོང་ཚོར་བྱེད་ས་སོགས་འདུས་པ་རེད། 《ཡུལ་སྐོར་ཐོན་ཁུངས་རིགས་བགོས། བརྟག་དཔྱད་དང་གདེང་འཇོག》གི་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་རིགས་བགོས་བྱས་མཐར། ལྗོངས་ཁུལ་གྱི་ཐོན་ཁུངས་གཙོ་བོའི་རིགས8 རིམ་པ་གཉིས་པའི་རིགས20གཞི་རྩའི་རིགས43ཡོད་ཅིང་། ཐོན་ཁུངས་ཀྱི་གཞི་ཁྱོན་ཆེ་ལ་སྣེ་རིགས་མང་བ། སྤུས་ཚད་མཐོ་བའི་ཁྱད་ཆོས་ཡོད་པར་བརྟེན། དཀར་མཛེས་རྫོང་གིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

གེ་སར་མཁར་གྲོང་གནའ་ཉམས་གསར་དུ་ངོམ། དཀར་མཛེས་ཡུལ་གྲུ་འཕེལ་ཁ་རབ་ཏུ་དར།
དམར་དམག་འབུམ་ཤོག་བཅོ་བརྒྱད་པའི་ས་དོང་།

བེ་རི་དགོན་པ།

བེ་རི་དགོན་པ་ནི་དཀར་མཛེས་རྫོང་གྲོང་ཁུལ་དང་སྤྱི་ལེ10ཙམ་རྒྱང་བའི་རྒྱལ་སྲུང་གཞུང་ལམ317པ་བརྒྱུད་ཡུལ་གྱི་ཉག་ཆུའི་ལྷོ་ངོགས་ཀྱི་རི་སྐེད་དུ་ཆགས་ཡོད་པ་རེད། དགོན་པ་འདི་ནི་སི་ཁྲོན་ཞིང་ཆེན་རིག་གནས་དངོས་རྫས་སྲུང་སྐྱོང་གི་གཙོ་གནད་སྡེ་ཚན་དང་རྒྱལ་ཡོངས་སུ་སྙན་པའི་གྲགས་པ་ཁྱབ་པའི་དགེ་རྟག་སྤྲུལ་སྐུ་ཕྲེང་ལྔ་པའི་དགོན་པ་ཡིན་པ་རེད། ཆིང་རྒྱལ་རབས་ཀྱི་བདེ་སྐྱིད་རྒྱལ་པོའི་སྲིད་ལོ་དང་པོ(སྤྱི་ལོ1662ལོ)སྟེ་བོད་རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ལོར་རྒྱལ་བ་སྐུ་ཕྲེང་ལྔ་པའི་དངོས་སློབ་ངག་དབང་རྒྱ་མཚོས་ཕྱག་བཏབ་ཅིང་། ཧོར་དགོན་ཁག་བཅུ་གསུམ་གྱི་ཡ་གྱལ་ཡིན་པ་རེད། དགོན་པ་ཆགས་སའི་རི་ངོས་ལ་བེ་ཤིང་འབེལ་པོ་ཡོད་པས་ན་འདོད་རྒྱལ་ཚུལ་གྱི་མིང་དེ་ལྟར་བཏགས་པ་རེད།

གེ་སར་མཁར་གྲོང་གནའ་ཉམས་གསར་དུ་ངོམ། དཀར་མཛེས་ཡུལ་གྲུ་འཕེལ་ཁ་རབ་ཏུ་དར།
ཉག་ཆུའི་འདམ་ར་གླིང་ག

ཉག་ཆུ་བརྒྱུད་ཁུགས་འདམ་ར་སྐྱེ་ཁམས་ཡུལ་སྐོར་གླིང་ཁུལ།

ཉག་ཆུ་བརྒྱུད་ཀྱི་འདམ་ར་སྐྱེ་ཁམས་ཡུལ་སྐོར་གླིང་ཁུལ་ནི་དཀར་མཛེས་རྫོང་གྲོང་ཁུལ་གྱི་ལྷོ་ངོས་སུ་ཡོད་ཅིང་། དེའི་ཁེབས་ཚད་ནི་དཀར་མཛེས་རྫོང་གྲོང་ཁུལ་གྱི་ནུབ་ངོས་དང་དེ་བཞིན་དུ་དཀར་མཛེས་རྫོང་མངའ་ཁོངས་ཀྱི་ཉག་ཆུ་འབབ་རྒྱུད་ཚང་མ་ཡིན་པརེད། གླིང་ཁུལ་དུ་གེ་སར་རྒྱལ་པོའི་མཁར་རྫོང་ལྗོངས་ཁུལ་དང་རི་སྐྱེ་སྲོག་ཆགས་ཀྱི་རིགས་འབེལ་པོ་ཡོད་ཅིང་།དེའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་བྱ་རྒྱུའི་རི་སྐྱེས་སྲོག་ཆགས་བྱ་དཀར་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྐྱེ་དངོས་རིགས་བེ་ཤ་དང་དབྱར་རྩྭ་དགུན་འབུ་བཅས་འདུས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1