ལྗར་པན་གྱི་དབུ་བཞུགས་བློན་ཆེན་གསར་པ་ཁོང་རེད་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-15


        ས་གནས་དེ་གའི་དུས་ཚོད་ཚེས་14ཉིན་གྱི་ཆུ་ཚོད་15དང་སྐར་མ་20ཡས་མས་སུ། ལྗར་པན་རང་དབང་དམངས་གཙོ་ཏང་གིས་གཙོ་འཛིན་འདེམ་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས། རྒྱལ་སྲིད་ལས་ཁུངས་གཞུང་དོན་ཁང་གི་འགོ་འཛིན་ཅན་དབྱི་ཝེ་ལ་འདེམས་ཤོག་377ཐོབ་ནས་རྣམ་པར་རྒྱལ་བས། རང་དབང་དམངས་གཙོ་ཏང་གི་གཙོ་འཛིན་དང་ཨན་པེ་ཅིན་ཧྲན་གྱི་སྐུ་ཚབ་ཏུ་ལྗར་པན་གྱི་དབུ་བཞུགས་བློ་ཆེན་བྱ་རྒྱུ་རེད། བཅའ་ཁྲིམས་ཀྱི་ལས་རིམ་ལྟར། ཚེས་16ཉིན་ལྗར་པན་སྲིད་གཞུང་གིས་གནས་སྐབས་རྒྱལ་ཚོགས་འཚོག་ནས་དངོས་སུ་དབུ་བཞུགས་བློ་ཆེན་དུ་བསྐོ་གཞག་བྱ་རྒྱུ་རེད།
        ཅན་དབྱི་ཝེ་ད་ལོ་ཕོ་ལོ་71ཡིན་ལ། གཞན་པ་ལྟར་ཆབ་སྲིད་དཔོན་རྒྱུད་ཅན་གྱི་ཁྱིམ་ཚང་ནས་འཚར་ལོངས་བྱུང་བ་དང་ལ་ནས་མི་འདྲ་སྟེ། ཁོང་ནི་ལྗར་པན་ཆིའུ་ཐེན་རྫོང་གི་འབྲི་ཏ་ས་འཛིན་འདེབས་འཛུགས་བྱེད་མཁན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། མཐོ་འབྲིང་མཐར་ཕྱིན་རྗེས་ཏུང་ཅིང་དུ་འབྱོར་བ་རེད། ཁོས་ཤོག་སྒམ་བཟོ་གྲྭར་གླ་བརྒྱབས་ནས་སློབ་ཡོན་སྤྲད་པ་དང་རྗེས་སུ་ཁྲིམས་ལུགས་ཆབ་སྲིད་སློབ་ཆེན་དུ་རྒྱུགས་འཕྲོད།
        ཅན་དབྱི་ཝེ་ཡི་སྐྱེ་ཁུངས་ཁྱིམ་ཚང་དཀྱུས་མ་ཞིག་ཡིན་པ་དེར་མི་དམངས་མང་ཚོགས་མི་ཉུང་བ་ཞིག་དགའ་སྣང་སྐྱེས། འགྲན་བསྡུར་གཏམ་བཤད་བྱེད་སྐབས་ཁོས་བཤད་རྒྱུ། ངས་ཕལ་ཆེར་ཅི་ཡང་མེད་པ་ནས་འགོ་བརྩམས། བགྲང་བྱ་50ལྷག་གི་ཡར་སྔོན་དུ་ང་རང་ཏུང་ཅིང་ལ་འབྱོར་མ་ཁད་དེ་རིང་གི་རང་ཉིད་འདི་བློ་ལ་མ་འཆར། ང་ལྟ་བུ་མི་དཀྱུས་མ་ཞིག་གིས་ཀྱང་། གལ་སྲིད་འབད་བརྩོན་བྱས་ན་དབུ་བཞུགས་བློ་ཆེན་ཀྱང་འགྱུར་ཐུབ་པ་རེད་ཅེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1