སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡའི་ནང་བསྟན་རིག་གནས་གླེང་སྟེགས་པེ་ཅིན་དུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 09-15



        ཆིང་ཧྭ་སློབ་ཆེན་དང་། ཀྲུང་གོ་མི་དམངས་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ཀྲུང་གོ་ཚན་རིག་ཁང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། གཡུང་ཧོ་གུང་ཀྲུང་གོ་ནང་བསྟན་མཐུན་ཚོགས་སོགས་མཐོ་རིམ་སློབ་གླིང་དང་། ཚན་རིག་ཞིབ་འཇུག་སྡེ་ཚན། ནང་བསྟན་ལས་རིགས་སོགས་ཀྱི་འཐུས་མི50ལྷག་མཉམ་དུ་འཛོམས་ཏེ། ཨེ་ཤ་ཡའི་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་ལ་ཕྱི་མིག་བལྟ་བ་དང་དེའི་ད་ལྟའི་གནས་ཚུལ་ལ་དབྱེ་ཞིབ་དང་མ་འོངས་པར་རྒྱང་ལྟ་བྱས་པ་བརྒྱུད། ནང་བསྟན་རིག་གནས་འབྲེལ་ཐག་དང་སྨྱན་བྱེད་དུ་བྱས་ཏེ་ཨེ་ཤེ་ཡ་ས་ཁུལ་གྱི་རིག་གནས་སྣ་ཚོགས་བར་སྤེལ་རེས་དང་ཕན་ཚུན་རྒྱུས་ལོན་བྱེད་པར་སྐུལ་འདེད་བཏང་ནས་ཨེ་ཤེ་ཡ་ས་ཁུལ་གྱི་རིག་གནས་མཉམ་འདྲེས་དང་དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པའི་ཕྱོགས་ནས་སྐུལ་འདེད་གཏོང་བར་ཕན་ནུས་ངེས་ཅན་བཏོན་ཡོད།
        ཚོགས་འདུའི་འགོ་ཚུགས་མཛད་སྒོ་སྟེང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ངམ་ཞིབ་འཇུག་པ་ཀྲེང་ཞའོ་ཅུན་གྱིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་ཕུལ། ཅེས་ཀྲེང་ཞའོ་ཅུན་གྱིས་བཤད་རྒྱུར། ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ནང་བསྟན་རིག་གནས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འཐབ་ཇུས་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ལ། ཉེ་བའི་ལོ་འགའི་རིང་ནང་བསྟན་རིག་གནས་བརྒྱུད་སྤེལ་དང་འཕེལ་རྒྱས་བྱུང་བ་དང་། རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ“རྒྱུད་གཅིག་ལམ་གཅིག”ཕན་ཚུན་མཉམ་འདྲེས་དང་ཤུགས་རྐྱེན་ཐེབས་ནས་ཀྲུང་གོ་དང་ཨེ་ཤེ་ཡའི་མཐའ་འཁོར་རྒྱལ་ཁབ་དང་ས་ཁུལ་བར་ནང་བསྟན་རིག་གནས་སྤེལ་རེས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཟེར། 
        ཚོགས་ཆེན་གྱི་བརྗོད་དོན་གཙོ་བོའི་སྙན་ཞུ་འབུལ་བའི་སྐབས་སུ་ཆེད་མཁས་པ་དང་མཁས་དབང་གིས“རྒྱུད་གཅིག་ལམ་གཅིག”ས་ཁུལ་གྱི་འཕེལ་རྒྱས་རིམ་འགྱུར་དང་། ནང་བསྟན་རིག་གནས་ཀྱིས“རྒྱུད་གཅིག་ལམ་གཅིག”དང་ནང་བསྟན་སྒྱུ་རྩལ་ཁྱབ་སྤེལ། སོག་བོད་ནང་བསྟན་རིག་གནས་ཀྱིས“རྒྱུད་གཅིག་ལམ་གཅིག”ལ་བྱས་རྗེས་འཇོག་པ་སོགས་བརྗོད་བྱ་གཙོ་བོ་གསུམ་ལ་དམིགས་ནས་སྙན་ཞུ་ཕུལ་བ་རེད། ཆེད་མཁས་པ་དང་མཁས་དབང་རྣམས་ཀྱིས་རིག་གཞུང་དང་སྤྱི་ཚོགས་ཀྱི་གནད་དོན་བཏོན་པ་མ་ཟད། ཐག་གཅོད་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ནས་ཡུལ་དངོས་ཀྱི་རྣམ་པར་སྤྲོ་སེམས་ཀྱིས་ཁེངས་ཡོད་པ་རེད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1