དཀར་མཛེས་གསར་པའི་གཟི་མདངས་འདི་ནས་འཚེར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-15



        ཉེ་ལམ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་70འཁོར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། 
        ད་ལོ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ཞིང་། ཁུལ་བཙུགས་ནས་བགྲང་བྱ་70ཚུན། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་བཟང་པོའི་གཟི་འོད་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག་སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་པས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན། 
        དེ་རིང་སྟེ་སྤྱི་ཟླ་9པའི་ཚེས་11ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་“དྲིན་དྲན་ཧུར་སྐྱོད་དཀར་མཛེས་གསར་པ་ཡིས། བློ་སེམས་གཅིག་སྒྲིལ་ཀྲུང་གོའི་ཕུགས་འདུན་སྐྲུན་ཞེས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་70འཁོར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་”ཁྲེན་ཏུའུ་གྲོང་ཁྱེར་དུ་འཚོགས་ཤིང་། དཀར་མཛེས་ཁུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གནམ་ས་བླ་འོག་བརྗེའི་འཕོ་འགྱུར་དག་ངོ་སྤྲོད་བྱས་པ་མ་ཟད། གསར་འགོད་པའི་དྲི་བ་ལ་ལན་བཏབ་པ་དང་། ཁུལ་ཨུའུ་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གིས་གསར་འགོད་པའི་དྲི་བར་ལན་བཏབ། 
སི་ཁྲོན་ཞིང་ཨུའི་དྲིལ་བསྒྲགས་པུའུ་གསར་འགྱུར་ཁྲུའུའི་ཁྲུའུ་ཀྲང་ལི་ལུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།
        ཞའོ་ཡིའུ་ཚའེ་ཡིས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བདུན་གྱི་ངོས་ནས་དཀར་མཛེས་བོད་རིགས་རང་སྐྱོང་བཙུགས་ནས་ལོ་ངོ་70འཁོར་བའི་གནམ་ས་བླ་འོག་བརྗེ་བའི་འཕོ་འགྱུར་ངོ་སྤྲོད་བྱས་ཡོད་དེ། དཔལ་འབྱོར་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཐོན་ལས་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། འགྲིམ་འགྲུལ་འཛུགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། ཡུལ་གྲོང་འཛུགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། དམངས་འཚོའི་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། སྐྱེ་ཁམས་སྲུང་སྐྱོང་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། མི་རིགས་མཐུན་སྒྲིལ་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བཅས་སོ། །

        དཀར་མཛེས་ཁུལ་ནི་རྒྱལ་ཡོངས་སུ་མཚོ་འཕགས་4000ཡན་གྱི་ཡན་ལག་གནམ་ཐང་གསུམ་ཡོད་པའི་གྲོང་ཁྱེར་དང་ཁུལ་གཅིག་པུ་དེ་ཡིན་པ་རེེད་ལ། ཉེ་བའི་ལོ་གསུམ་གྱི་རིང་། དཔལ་འབྱོར་དམིགས་ཚད་གཙོ་བོ་11ཁྲོད། མ་མཐའ་ཡང་དཀར་མཛེས་གྱི་དམིགས་ཚད་5ཇེ་མགྱོགས་ཕྱིན་པས། ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་གྱུར། ལོ་ངོ་70རིང་། དཀར་མཛེས་ཁུལ་གྱི་ཐེངས་གསུམ་པའི་ཐོན་ལས་སྒྲིག་གཞི་དེ་གཅིག་གཉིས་གསུམ་ནས་གསུམ་གཉིས་གཅིག་ལ་འཕེལ་རྒྱས་ཕྱིན་ཞིང་། ཐོན་ལས་འཕེལ་རྒྱས་དེ་ཆུང་བ་ནས་ཆེ་བ་དང་ཉམས་ཐག་ནས་སྟོབས་ལྡན། ཕྱོགས་མང་འཕེལ་རྒྱས་ཀྱི་རྣམ་པར་གྲུབ། །









དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1