རྒྱལ་བཟང་བསོད་ནམས་དར་རྒྱས་དམར་གསོད་གཏོང་མཁན་གྲས་ཀྱི་དོགས་ཡོད་ཉེས་ཅན་པ་གཅིག་འཛིན་བཟུང་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-16



       སྤྱི་ཚེས་14ཉིན་མཚོ་སྔོན་སྤྱི་བདེ་ལས་ཁུངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ལོ་1994ལོའི་ཟླ་1ཚེས་18ཉིན། ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་རྒྱལ་བཟང་བསོད་ནམས་དར་རྒྱས་ཀྱིས་ལྐོག་རྔོན་རྒྱག་མཁན་དང་མེ་མདའ་རྒྱག་རེས་བྱས་པ་མ་ཟད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་གནང་ཡོད། དོགས་ཡོད་ཉེས་ཅན་མང་པོ་ཞིག་ནག་ཉེས་ལ་སྐྲག་ནས་བྲོས་བྱོལ་དུ་སོང་ཡོད། གྱོད་གཞི་ཐོན་ནས་ད་བར། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་བྲོས་བྱོལ་དུ་སོང་བའི་དོགས་ཡོད་ཉེས་ཅན་པ་འཛིན་བཟུང་བྱེད་པའི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་བཏང་མེད་པ་དང་ལྷག་པར་དུ་སྤྱི་བདེ་པུས་སྤྱི་ལོ་2020ལོའི་བར་སྣང་རལ་གྲི་ཞེས་པའི་བྱ་སྤྱོད་སྤེལ་ཚུན། ཡུལ་ཤུལ་ཁུལ་སྤྱི་བདེ་ཅུད་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་མི་བསད་པའི་གྱོད་གཞི་ཚང་མ་ཐག་གཅོད་བྱེད་ཅེས་པ་དང་། མི་བསད་པའི་གྱོད་གཞིའི་བྲོས་བྱོལ་དུ་སོང་བའི་དོགས་ཡོད་ཉེས་ཅན་པ་འཛིན་བཟུང་བྱེད་ཅེས་པ་དམིགས་ཚད་དུ་འཛིན་ནས། ལོ་མང་རིང་མི་བསད་པའི་གྱོད་གཞིའི་བྲོས་བྱོལ་དུ་སོང་བའི་དོགས་ཡོད་ཉེས་ཅན་པའི་ཆ་འཕྲིན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་དང་གསལ་པོ་བཟོས་ཡོད། མྱུལ་ཞིབ་ཀྱི་སྟོབས་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་མྱུལ་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་བཅས་བྱས་པས། ལོ་26གོང་རྒྱལ་བཟང་བསོད་ནམས་དར་རྒྱས་དམར་གསོད་གཏོང་བའི་ནང་ཞུགས་མཁན་དོགས་ཡོད་ཉེས་ཅན་པ་མཱ་ཆེ་གེ་མོ་ཉེ་ཆར་འཛིན་བཟུང་བྱས་ཡོད་པ་རེད།
    མིག་སྔར། དོགས་ཡོད་ཉེས་ཅན་པ་མཱ་ཆེ་གེ་མོར་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱ་ཐབས་བཟུང་བ་དང་། གྱོད་གཞི་དེ་སྔར་བས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1