མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 09-16



        འདྲ་མཉམ། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། མི་རིགས་ཆོས་ལུགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཤེས་བྱ་ཁྱབ་གདལ་གཏོང་རྒྱུར་སྔར་བས་ཤུགས་སྣོན་ཆེད། ཉེ་ཆར། ཆུ་ཆེན་རྫོང་མཁར་ལྷོའི་རྒན་རྒོན་མཐུན་ཚོགས་དང་མཁར་ལྷོ་སྡེ་ཁུལ་གྱི་ཏང་ཡོན་ཁག་གཅིག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ།


         བྱེད་སྒོའི་ཡུལ་དངོས་སུ། རྒན་རྒོན་མཐུན་ཚོགས་ཀྱིས་རང་རྩོམ་རང་འཁྲབ་བྱས་པའི་ངོ་མཚར་ཆེ་བའི་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་པ་དང་འདེམས་གཏོང་བྱས་པའི་ལེ་ཚན་མི་རིགས་མང་པོའི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྒྱུ་མཉམ་འདྲེས་བྱས་ཡོད། ཆུ་ཆེན་རྫོང་གི་རྒན་རྒོན་ཚོའི་“སྙིང་སྟོབས་གསར་བ”མངོན། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་ཟབ་མོ་མངོན་ནས་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་གྲགས།

        བྱེད་སྒོ་སྤེལ་རིང་སྡེ་ཁུལ་གྱི་ལས་དོན་མི་སྣས་ད་དུང་ཚོགས་ཞུགས་མི་སྣ་དང་མཉམ་དུ《ཆོས་ལུགས་ལས་དོན་སྲོལ་ཡིག》དང་བཅའ་ཁྲིམས་ཁྲིམས་སྲོལ་སོགས་འབྲེལ་ཡོད་ཤེས་བྱར་སློབ་སྦྱོང་བྱས། དེའི་རྗེས་སྡེ་ཁུལ་གྱི་ལས་དོན་མི་སྣ་ཁོངས་གཏོགས་ཁུལ་དུ་བསྐྱོད་དེ་གྲངས་ཉུང་མི་རིགས་ཀྱི་གྲོང་མི་མང་ཚོགས་ལ《མི་རིགས་ལས་དོན་སྲོལ་ཡིག》དང་འབྲེལ་ཡོད་བཅའ་ཁྲིམས་དྲིལ་བསྒྲགས་ཤོག་བྱང་ཁྱོན་100ལྷག་ཙམ་སྤྲད་པ་རེད། ཐེངས་འདིའི་བྱེད་སྒོར་ད་དུང་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར་དང་། ཚོགས་པ། ཀུན་སྤྱོད་དཔེ་བཟང་བཅས་དཔྱད་འདེམས་བྱས་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་སྤེལ་བའི་རིང་། སྡེ་ཁུལ་དང་གྲངས་ཉུང་མི་རིགས་བར་གྱི་འབྲེལ་བར་ཤུགས་སྣོན་དང་། རྒྱ་ཆེའི་གྲངས་ཉུང་མི་རིགས་ཀྱི་སྡོད་དམངས་མང་ཚོགས་ཀྱི་མི་རིགས་བྱ་བའི་འདུ་ཤེས་ཇེ་མཐོར་བཏང་བ་མ་ཟད། སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གོམ་སྟབས་རྗེས་མའི་ལས་དོན་ལ་རྨང་གཞི་ཡག་པོ་ཞིག་བཏིངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1