མི་རིགས་མཐུན་སྒྲིལ་སྐོར་གྱི་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-16



        ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ།རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་ཁང་བཅས་ཀྱིས་ཟླ་9ཚེས་14ཉིན་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་གྱི་ཉམས་མྱོང་སྤེལ་རེས་ཀྱི་ཡུལ་དངོས་ཚོགས་འདུ་འཚོགས་པ་རེད།ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི།ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པ་ཐེ་ཨུར་ཚོགས་འདུར་ཕེབས་ཡོད་པ་རེད། 

        ཡིའུ་ཆོན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་དང་རྒྱུན་སྲིང་ངང་སྤེལ་བ་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་།མི་རིགས་ཁག་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས་ལ།མི་རིགས་ཁག་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་འགྲུབ་པར་བྱེད་ཅེས་པའི་རྣམ་པ་བཟང་པོ་ཆགས་པར་བྱ་དགོས་པ་བསྟན།
        ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་།ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་ཁག་བཅས་དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་དྲིལ་བསྒྲགས་དང་།འཐབ་ཕྱོགས་གཅིག་གྱུར།མི་རིགས་ལས་དོན་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། 

        ཉིན་དེའི་ཕྱི་དྲོར། ཚོགས་ཞུགས་འགོ་ཁྲིད་རྣམ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཝུན་ཁྲོན་རྫོང་གི་ཡེན་ཤུའུ་གྲོང་རྡལ་དུ་ཕེབས་ནས། ༢༠༠༨ལོའི་ཟླ་༥བའི་ཚེས་༡༢་ཉིན་གྱི་ཝུན་ཁྲོན་ས་འགུལ་ཆེན་མོའི་རྗེས་ཤུལ་དང་ཝུན་ཁྲོན་ས་འགུལ་ཆེན་མོའི་རྗེས་དྲན་བཤམས་སྟོན་ཁང་དུ་སོང་སྟེ། རང་བྱུང་འཇིགས་པ་ཆེན་མོའི་མདུན་དུ་དཔའ་མི་ཞུམ་པའི་རིགས་འདིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་གནོད་འཚེ་ལས་ཐར་ཐབས་བྱས་པའི་སྙིང་སྟོབས་ལ་རྗེས་དྲན་ཞུས་ལ། ཝུན་ཁྲོན་རྫོང་ཆུ་མཆིག་གྲོང་རྡལ་དུ་ཕེབས་ནས་མི་རིགས་མང་པོ་འཆམ་མཐུན་མཉམ་གནས་ཀྱིས་བདེ་སྐྱིད་དཔལ་ལ་རོལ་བཞིན་པའི་ཉམས་དགའ་བའི་རྣམ་པར་གཟིགས་ཞིབ་གནང་བ་རེད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1