མཚོ་འགག་གླེང་སྟེགས་སྐབས་བཅུ་གཉིས་པ་ཞ་མོན་དུ་འཚོགས་ཤིང་ཝང་དབྱང་གིས་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། 09-22


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཚོ་འགག་གླེང་སྟེགས་སྐབས་བཅུ་གཉིས་པ་ཚེས20ཉིན་ཞ་མོན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་ཆེན་ཐོག་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བ་རེད།


མཚོ་འགག་གླེང་སྟེགས་སྐབས་བཅུ་གཉིས་པ་ཚེས20ཉིན་ཞ་མོན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་ཆེན་ཐོག་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བ་རེད།

        ཝང་དབྱང་གིས་ཐོག་མར་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་ཞུས་ནས་ཚོགས་ཞུགས་སྐུ་མགྲོན་དང་ལྷག་པར་དུ་ཐའེ་ཝན་སྤུན་ཟླ་རྣམས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། ཁོང་གིས་མཚོ་ངོགས་འགྲམ་གཉིས་ཀྱི་འབྲེལ་བའི་རྨང་གཞི་ནི་དམངས་ཁྲོད་དུ་གནས་ཤིང་སྒུལ་ཤུགས་ནི་མི་དམངས་མང་ཚོགས་ཡིན་པ་རེད། མཚོ་འགག་གླེང་སྟེགས་དེ 2009ལོ་ནས་བདེ་བླག་ངང་སྤེལ་བ་ནས་བཟུང་། ཆར་རླུང་ཇི་འདྲ་འཚུབ་ཀྱང་བཀག་འགོག་མེད་པར་རྒྱུན་མཐུད་བྱས་པ་རེད། ད་ལོར་པྲོག་གསར་གློ་ཚད་ཀྱི་རིམས་ནད་གསར་བ་དང་གླིང་ཕྲན་ནང་ཁུལ་དུ་བཀག་འགོག་བྱས་པའི་ཤུགས་རྐྱེན་ཐེབས་ཡོད་ནའང་། གླེང་སྟེགས་སྔར་བཞིན་གཟབ་རྒྱས་ངང་འཚོགས་པ་དང་ཐའེ་ཝན་་སྤུན་ཟླ་མང་པོ་ཞིག་ཚོགས་འདུར་ཞུགས། འདིས་མཚོ་ངོགས་འགྲམ་གཉིས་ཀྱི་མང་ཚོགས་བར་སྤེལ་རེས་བྱེད་འདོད་ཆེན་པོ་ཡོད་པས་གཞན་ནུས་ཤུགས་གང་ཞིག་གིས་ཀྱང་འགོག་ཐབས་མེད་པ་ར་སྤྲོད་གང་ལེགས་བྱས་ཡོད་ཞེས་བསྟན།
        ཝང་དབྱང་གིས་ནན་བཤད་གནང་དོན། སྒོ་དབྱེ་ལས་ཡར་ཐོན་བྱུང་ཞིང་བཀག་སྡོམ་ལས་རྗེས་ལུས་འབྱུང་ངེས་རེད། ལོ་བཅུ་ཕྲག་ཁ་ཤས་རིང་མཚོ་ངོགས་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལས་བརྗེ་རེས་བྱས་ན་གཉིས་ཀར་ཕན་པ་དང་བཀག་འགོག་བྱས་ན་གཉིས་ཀར་གནོད་པ་ཡོད་པ་ར་སྤྲོད་བྱུང་ཡོད། ད་ལོ་ནས་བཟུང་འཛམ་གླིང་གི་དཔལ་འབྱོར་གནས་བབ་ཛ་དྲག་ཆེ་ལ། མཚོ་ངོགས་འགྲམ་གཉིས་ཀྱི་ཉོ་ཚོང་གྲངས་འབོར་སྔར་བཞིན་གྲངས་གནས་གཉིས་ཀྱིས་འཕར་བཞིན་ཡོད། དེ་བས་མེས་རྒྱལ་གྱི་སྐམ་ས་ཆེན་པོ་ནི་ཐོག་མཐའ་བར་གསུམ་དུ་ཐའེ་ཝན་གྱི་རྒྱབ་རྟེན་ཡིན་པ་རེད། གླིང་ཕྲན་ནང་ཁུལ་གྱི་མི་སྐོར་ཞིག་གིས་མཚོ་ངོགས་འགྲམ་གཉིས་བར་བརྗེ་རེས་དང་མཉམ་ལས་ལ་ཚོད་འཛིན་བྱ་རྒྱུའི་རེ་ངན་བཅངས་ཏེ། སྐམ་ས་ཆེན་པོའི་དཔལ་འབྱོར་དང“འབྲེལ་གཅོད”དང་རིག་གནས“འབྲེལ་གཅོད”བཅས་བྱས་ནས་ཐའེ་ཝན་ལ་གནོད་པ་ལས་ཕན་པ་གཅིག་ཀྱང་མེད་པའི་རེ་ངན་འཆང་བཞིན་ཡོད། “ཐའེ་ཝན་རང་བཙན”ནི་འཆི་ལམ་ཉག་གཅིག་ཡིན་པས་རང་མཐོང་རང་ཆེ་དང་ཉེན་ཆེ་ལས་ཞུགས་བྱས་ན་ཐའེ་ཝན་ལ་ཐེག་ཐབས་བྲལ་བའི་ཉེན་ཁ་འབྱུང་ངེས་རེད། ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་གནོད་པའི་ལས་དོན་གང་ལའང་བཟོད་སྒོམ་བྱེད་མི་སྲིད། །
        ཝང་དབྱང་གིས་ནན་གྱིས་བསྟན་དོན། མཚོ་ངོགས་འགྲམ་གཉིས་ཀྱི་དམངས་ཁྲོད་བརྗེ་རེས་ལ་ཤུགས་ཆེ་རུ་གཏོང་རྒྱུ་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏང་ན་ཕན་ཁེ་རྒྱ་ཆེན་ལྡན་ལ་ཁེ་ཕན་དེ་བས་ཆེ་བ་རེད།  རེ་བ་ཡིན་ན་མཚོ་ངོགས་འགྲམ་གཉིས་ཀྱི་སྤུན་ཟླས་མི་རིགས་ཀྱི་བདེན་དོན་རྒྱུན་འཁྱོངས་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་བསྟུན་པ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེ་ངང་འཕེལ་རྒྱས་སུ་གཏོང་བ་དང་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་ཅི་ཐུབ་བྱས་ཏེ་མེས་རྒྱལ་གཅིག་གྱུར་ཡོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་མཉམ་འཁུར་བྱ་རྒྱུ་དང་། ཐུན་མོང་ཐོག་མི་རིགས་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེར་གཞོལ་ཅི་ཐུབ་བྱ་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1