མེ་ཏོག་རྫོང་གི་ཟས་གོས་འཛོམས་ཤིང་རེ་བས་ཁེངས་པའི་ཇ་འཐུ་ཚང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-24


སངས་རྒྱས་གཡུ་སྒྲོན་གྱི་གཅུང་མོས་ཇ་ལོ་འཐོག་བཞིན་ཡོད།

མེ་ཏོག་རྫོང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཀུན་བཟང་ལྷ་འཛོམས་(གཡས་ཀྱི་དང་པོ)ཀྱིས་སངས་རྒྱས་གཡུ་སྒྲོན་ཚང་གིས་ཇ་ལོ་འཐོག་པར་མཛུབ་སྟོན་གནང་བཞིན་པ།

ཇ་ལོ་འཐོག་བཞིན་པའི་སངས་རྒྱས་གཡུ་སྒྲོན་གྱི་ནང་མི།  གཡོན་གྱི་གཉིས་པ་ནི་རྣ་ཉན་བཙུགས་ནས་གླུ་དབྱངས་ལ་ཉན་བཞིན་ཇ་ལོ་འཐོག་པའི་སངས་རྒྱས་གཡུ་སྒྲོན་ཡིན།
          “ངའི་མིང་ལ་སངས་རྒྱས་གཡུ་སྒྲོན་ཟེར་ཞིང་ང་རི་མོ་འབྲི་རྒྱུར་དགའ་ཞིང་། ད་དུང་ཧུའུ་ནན་བརྙན་འཕྲིན་ཁང་གི་ཕྱོགས་བསྡུས་སྒྱུ་རྩལ་ལེ་ཚན་ལ་བལྟ་རྒྱུར་ཧ་ཅང་དགའ་པོ་ཡོད། མ་འོངས་པའི་ཉིན་ཞིག་ལ་ཧུའུ་ནན་གྱི་སློབ་ཆེན་ཞིག་ལ་རྒྱུགས་འཕྲོད་པར་སྨོན།” མེ་ཏོག་གྲོང་རྡལ་གྱི་སྤྱི་ལེ་འགའི་མཚམས་སུ་ཡོད་པའི་ལྷ་གོང་ཇ་རར་སངས་རྒྱས་གཡུ་སྒྲོན་གྱིས་ཁོ་མོའི་གཅུང་མོ་དང་། ཕ་མ་དང་རྨོ་བོ་དང་མཉམ་དུ་ཞོགས་པ་སྔ་མོ་ནས་རང་ཁྱིམ་གྱི་ཇ་ཞིང་ནང་ཇ་བཏོག་འགོ་ཚུགས།
          ལྷ་གོང་ཇ་ར་ནི་མེ་ཏོག་རྫོང་གི་ཆེས་སྔ་བའི་ཇ་ར་ཞིག་ཡིན་ལ།  མེ་ཏོག་གྲོང་ཁུལ་དང་བར་ཐག་སྤྱི་ལེ་འགའ་ལས་མེད། གྲོང་ཁྱེར་ཆུང་ཆུང་འདིའི་མཐའ་རུ་རི་ཚོགས་ཀྱིས་ཡོངས་སུ་བསྐོར་ཡོད། ཡུག་གཅིག་ཏུ་འབྲེལ་བའི་ཇ་ཞིང་ལ་སྔ་མོ་ནས་མྱུ་གུ་འབུས་པ་དང་ཞོགས་པའི་ཆར་རྗེས་སུ་སྔོ་ལྡེམ་ལྡེམ་བྱེད།
          “ད་ལོ་བརྩིས་ན་ངེད་ཚང་གིས་ཇ་བཏབ་ནས་ལོ་8འགོར་ཡོད།” སངས་རྒྱས་གཡུ་སྒྲོན་གྱིས་“ལོ་འདི་དག་གི་རིང་ལ་ཁྱིམ་གྱི་གནས་ཚུལ་ཇེ་བཟང་ནས་ཇེ་བཟང་དུ་སོང་ནས་ཐབ་ཚང་གསར་སྐྲུན་བྱས་པ་མ་ཟད། ད་དུང་ཟོག་འདྲེན་རླངས་འཁོར་ཆེན་པོ་ཞིག་ཀྱང་ཉོས་ཡོད”ཅེས་བཤད། 
སངས་རྒྱས་གཡུ་སྒྲོན་གྱི་ཨ་མ་སངས་རྒྱས་དོན་གྲུབ་ནི་མེ་ཏོག་རྫོང་གི་ཇ་འདེབས་མཁན་སྔ་ཤོས་ཀྱི་གྲས་ཤིག་ཡིན། 2012ལོ་ནས་བཟུང་མེ་ཏོག་རྫོང་གིས་ཇའི་ཐོན་ལས་ཁྱབ་གདལ་གཏོང་བའི་ཤུགས་ཚད་ཆེ་རུ་བཏང་བས་སངས་རྒྱས་དོན་གྲུབ་ནི་ཆེད་ལས་ཅན་གྱི་ཇ་འདེབས་མཁན་ཞིག་ཏུ་གྱུར་ཞིང་། 2020ལོར་སངས་རྒྱས་དོན་གྲུབ་ཚང་ལ་སྔོན་དཔག་བྱས་ན་ཇ་ལོ་འཐུ་བ་ཁོ་ནའི་ཡོང་འབབ་སྒོར་ཁྲི་3ལ་ཉེ་བ་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1