“ཕུལ་དུ་བྱུང་བའི་སྣམ་བུ། མཛེས་སྡུག་ལྡན་པའི་གྲ་ནང་”ཞེས་པའི་2020ལོའི་གྲ་ནང་སྣམ་བུའི་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་འགོ་བརྩམས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-25



         ཟླ་9པའི་ཚེས་21ཉིན་གྱི་དགོང་མོར་“ཕུལ་དུ་བྱུང་བའི་སྣམ་བུ། མཛེས་སྡུག་ལྡན་པའི་གྲ་ནང་”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2020ལོའི་གྲ་ནང་སྣམ་བུའི་རིག་གནས་ཡུལ་སྐོར་དུས་ཆེན་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་འགོ་ཚུགས་པ་རེད། 

འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་གྱི་ཡུལ་དངོས།
         དེ་ཡང་གྲ་ནང་སྣམ་བུའི་རིག་གནས་ཡུལ་སྐོར་དུས་ཆེན་སྟེང་། 《རྒྱ་བོད་བར་གྱི་བརྩེ་སེམས》དང་《བདེ་སྐྱིད་ཀྱི་གྲ་ནང་》དང་《འཕེལ་རྒྱས་མགྱོགས་པའི་གྲ་ནང》དང་《བསྐལ་པ་བཟང་པའི་གྲ་ནང》སོགས་ཀྱི་ལེ་ཚན་དག་ལྟད་མོ་བ་མང་པོའི་མིག་གི་དགའ་སྟོན་དུ་བཤམས། གར་སྟེགས་སྟེང་གི་འཁྲབ་སྟོན་དང་གྲ་ནང་གི་མཚན་ལྗོངས་གཉིས་ཀྱིས་ཕན་ཚུན་གཞོགས་འདེགས་བྱས་ཏེ་ལྟད་མོ་བ་རྣམས་ལ་མིག་དང་རྣ་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་ལེགས་སྐྱེས་སུ་ཕུལ་ཏེ། ཞིབ་ཆ་ལྡན་པའི་སྒོ་ནས་མི་རིགས་རིག་གནས་ཀྱི་སྙིང་པོ་མངོན་པར་བསྟན་ཞིང་།  དེས་དུས་རབས་གསར་པའི་ནང་གི་གྲ་ནང་རྫོང་གི་བཅོས་བསྒྱུར་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་དང་།  གྲ་ནང་གི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཚང་མ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དཔའ་ངར་ཞུམ་མེད་ངང་ཞུགས་པའི་བློ་སྟོབས་མཚོན་པར་བྱས་ཡོད།

འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་གྱི་ཡུལ་དངོས།
         ཏག་ཏག་བོད་རང་སྐྱོང་ལྗོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་དང་ནན་ཏན་སྒོས་ལག་བསྟར་གཏིང་ཟབ་བྱེད་པའི་སྐབས་ལ་འཁེལ་བས། གྲ་ནང་རྫོང་གིས་སྣམ་བུ་རིག་གནས་ཡུལ་སྐོར་དུས་ཆེན་གཟབ་རྒྱས་ངང་གཉེར་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་55འཁོར་བར་རྟེན་འབྲེལ་ཞུས་ཤིང་། མཐུན་སྒྲིལ་གྱི་ལག་གདང་སྦྲེལ་ནས་རླབས་ཆེན་གྱི་དུས་རབས་གསར་པར་མདུན་སྐྱོད་བྱེད་པ་དང་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་དེ།  འབད་བརྩོན་ལྷོད་མེད་བྱས་ནས་མཐུན་སྒྲིལ་དང་འབྱོར་ཕྱུག  ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲ་ནང་གསར་པ་འཛུགས་སྐྲུན་བྱེད་དགོས་པ་རེད། 

འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་གྱི་ཡུལ་དངོས།
         ཉེ་བའི་ལོ་ཤས་རིང་།  གྲ་ནང་རྫོང་གིས་རིག་གནས་ལ་བརྟེན་ནས་རྫོང་གི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་སྐོར་ལ་བརྟེན་ནས་རྫོང་གི་སྟོབས་ཤུགས་ཆེ་རུ་གཏོང་བ། མི་རིགས་ཀྱི་ལག་ཤེས་བཟོ་ལས་ལ་བརྟེན་ནས་རྫོང་གི་སྟོབས་ཤུགས་ཆེ་རུ་གཏོང་བ་སོགས་ཡུལ་འདིའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བའི་བྱ་གཞག་གལ་ཆེན་དུ་བརྩིས་ནས། ཕུལ་དུ་བྱུང་བའི་མི་རིགས་རིག་གནས་སྔོག་འདོན་དང་། རྒྱུན་འཛིན། དར་སྤེལ་བཅས་ལ་ཧུར་བརྩོན་བྱས་ཤིང་། རིགས་སོ་སོའི་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རིག་གནས་ཐོན་ལས་དང་། མི་རིགས་ལག་ཤེས་བཟོ་ལས། གནད་སྨིན་དབུལ་སྒྲོལ་བཅས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ཡོད། 

འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་གྱི་ཡུལ་དངོས།
         རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་སྣམ་བུའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཟླ་9པའི་ཚེས་21ནས་ཚེས་24ཉིན་བར་ཡིན་ཞིང་། དེའི་རིང་རིག་རྩལ་འཁྲབ་སྟོན་དང་ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་། ལྷ་མོ་འགྲེམ་སྟོན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ཤིག་བཀོད་སྒྲིག་བྱས་ཡོད་པ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1