“རྟ་མཆོག་བྱ་དགའ”སྤྲོད་པའི་མཛད་སྒོ་པེ་ཅིང་དུ་གཉེར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-27


     སྐབས་བཅུ་གཉིས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་“རྟ་མཆོག་བྱ་དགའ”སྤྲོད་པའི་མཛད་སྒོ་སྤྱི་ཚེས་25ཉིན་གྱི་དགོང་མོ་ཀྲུང་གོའི་དེང་རབས་རྩོམ་རིག་ཁང་དུ་སྤེལ་ཡོད་པ་དང་། རྩོམ་པ་པོ་25དང་ལོ་ཙྰ་བ་5ལ་ཐེངས་འདིའི་བྱ་དགའ་ཐོབ་ཡོད་པ་རེད།

     “རྟ་མཆོག་བྱ་དགའ”ནི་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་དང་ཀྲུང་གོའི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་རྒྱལ་ཁབ་རིམ་པའི་རྩོམ་རིག་བྱ་དགའ་ཞིག་ཡིན་ཞིང་། མའོ་ཏུན་རྩོམ་རིག་བྱ་དགའ་དང་། ལུའུ་ཞུན་རྩོམ་རིག་བྱ་དགའ། རྒྱལ་ཡོངས་ཀྱི་ཕུལ་བྱུང་བྱིས་པའི་རྩོམ་རིག་བྱ་དགའ་བཅས་དང་མཉམ་དུ་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཁབ་རིམ་པའི་རྩོམ་རིག་བྱ་དགའ་ཆེ་གྲས་བཞིའི་གྲས་ཤིག་ཡིན།

     བྱ་དགའ་དེ་སྤྱི་ལོ་1981ལོར་སྤྲོད་འགོ་ཚུགས་པ་ནས་བཟུང་། ཕུལ་བྱུང་བརྩམས་ཆོས་འབོར་ཆེན་ཞིག་བཏོན་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་འབོར་ཆེན་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་ཡོད་ཅིང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་དང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་རྩོམ་པ་པོའི་བརྩམས་ཆོས་ལ་སྐུལ་འདེད་གཏོང་བར་ཕན་འབྲས་བཟང་པོ་ཐོན་ཡོད་ལ། མི་རིགས་མང་པོའི་རྩོམ་རིག་དར་རྒྱས་གོང་འཕེལ་ཡོང་རྒྱུར་རྨང་རྡོ་བཏིངས་ཡོད་པ་རེད།

     བོད་རིགས་རྩོམ་པ་པོ་གསུམ་ལ་སྐབས་འདིའི་རྟ་མཆོག་བྱ་དགའ་ཐོབ་ཡོད་ཅིང་། ཁོང་ཚོ་ནི་མེ་སྒྲོན་དང་། ལྷ་བྱམས་རྒྱལ། བཀྲ་ཤིས་ཚེ་རིང་བཅས་ཡིན། བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་གྲས་སུ་ལྷ་བྱམས་རྒྱལ་གྱིས་བྲིས་པའི་བརྩམས་སྒྲུང་འབྲིང་གྲས༼གཉིད་དུ་ཡུར་བའི་ཆུ༽ནི་བོད་ཡིག་གི་ལམ་ནས་བྲིས་པའི་བརྩམས་ཆོས་ཉག་ཅིག་དེ་ཡིན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1