སྟོན་ཁའི་ཚྭ་འདམ་གྱི་འཕང་འབྲས་ལ་འབྲས་བུ་སྨིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 09-28


        ཉིན་ཤས་རིང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལེན་རྫོང་གི་འཕང་འབྲས་རིམ་བཞིན་སྨིན་ནས་འཐོག་འགོ་ཚུགས་ཤིང་། དམར་ཐིང་ཐིང་གི་འཕང་འབྲས་དེ་ཉི་འོད་འོག་ཏུ་ལྷག་པར་བཀྲག་མདངས་འཚེར་ཞིང་། ཞིང་ནང་དུ་འཕང་འབྲས་ཉི་མར་སྐམ་སར་གྲོང་མིའི་བྲེལ་འཚུབ་ཆེ་བའི་གཟུགས་བརྙན་གྱིས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཞིག་ཏུ་གྲུབ་ནས་གང་ས་གང་དུ་ལོ་ལེགས་བྱུང་བའི་དགའ་སྤྲོའི་རྣམ་པས་ཁེངས།

        མཚོ་ནུབ་ཁུལ་ནི་མཚོ་བོད་མཐོ་སྒང་གི་ཚྭ་འདམ་གཤོངས་སའི་དཀྱིལ་དབུས་སུ་གནས་པས། གནམ་གཤིས་སྐམ་ཤས་ཆེ་ལ། ཉི་འོད་ཕོག་ཚད་མང་བ་དང། སྔ་དགོང་གི་དྲོད་ཚད་ཁྱད་པར་ཆེ་བ་བཅས་ཀྱིས་འཕང་འབྲས་སྐྱེ་རྒྱུར་ཧ་ཅང་འཚམ་པ་རེད། །







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1