རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་དབུ་ཚོགས་དེ་བརྙན་ལམ་བརྒྱུད་ནས་འཚོག་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 09-29


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སྟེ་སོ་ཏི་ཨ་རབ་ཀྱིས་ད་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་དབུ་ཚོགས་ཟླ11པའི་ཚེས21ཉིན་ནས་ཚེས22ཉིན་བར་བརྙན་ལམ་བརྒྱུད་ནས་འཚོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་།
        སོ་ཏི་ཨ་རབ་ཀྱིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ལྟར་ན། སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་གྱིས་ད་ཐེངས་ཀྱི་དྲ་ལམ་དབུ་ཚོགས་ལ་གཙོ་སྐྱོང་གནང་རྒྱུ་དང་། ཐེངས་འདིའི་དབུ་ཚོགས་ནི་ད་ལོའི་ཟླ3པར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པས་པྲོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་བདེ་བླག་ངང་འཚོགས་པ་དང་། པུའུ་ཀྲང་རིམ་པའི་གྲོས་ཚོགས་དང་ལས་དོན་ཚོ་ཆུང་གི་གྲོས་ཚོགས་ཐེངས100ལྷག་ལ་གྲུབ་འབྲས་ཐོབ་པ་རྨང་གཞི་བྱས་ཏེ། གཙོ་བོ་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོང་དང་དཔལ་འབྱོར་འཕར་སྣོན་འབྱུང་བར་སླར་གསོ་བཅས་ཀྱི་ཐད་ལ་གྲོས་བསྡུར་བྱ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1