བོད་ལྗོངས་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་“ཅན་གཉིས་” སུ་འཛུགས་སྐྲུན་བྱ་རྒྱུ་དེ་ཚོད་ལྟའི་རིམ་པ་ནས་ཕྱོགས་ཡོངས་སུ་ཁྱབ་གདལ་གཏོང་བར་བརྩོན་བཞིན་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-29



           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཚད་ལྡན་ཅན་དང་ཚད་གཞི་ཅན་(གཤམ་དུ་“ཅན་གཉིས་”ཞེས་བསྡུ་རྒྱུ)འཛུགས་སྐྲུན་བྱེད་པའི་ཡུལ་དངོས་ཚོགས་འདུ་དེ་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་འདུའི་དམིགས་ཡུལ་ནི་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ཚོད་ལྟའི་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འཛུགས་སྐྲུན་རྒྱུན་བསྲིང་དང་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་བཏང་ནས། ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་མྱུར་སྒོས་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད།
བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་“ཅན་གཉིས་”སུ་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་ཚོགས་འདུ་དེ་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས།
           བོད་རང་སྐྱོང་ལྗོངས་སུ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཞིང་། ཡུལ་སྐོར་ལས་རིགས་ནི་དམངས་འཚོའི་ཐོན་ལས་དང་ལྗང་མདོག་ཐོན་ལས་ཁོ་ན་ཙམ་མ་ཡིན་པར་དེ་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། བསམ་བློ་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཞིང་བརྟན་པོ་འཛུགས་པའི་སྦྲེལ་ཟམ་ལྟ་བུའི་འབྲེལ་ཐག་ཅིག་རེད།  
           བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ཀྱིས། ཡུལ་སྐོར་ཚད་ལྡན་ཅན་དང་ཚད་གཞི་ཅན་ནི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་དང་། ཡུལ་སྐོར་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པས་ཡུལ་སྐོར་བའི་ཡིད་ཇེ་ཚིམ་དུ་གཏོང་བ་དང་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་བསྐྲུན་རྒྱུར་ནུས་པ་གལ་ཆེན་ལྡན་ཡོད། མི་སྣ་གསོ་སྦྱོང་དང་། ཤེས་ལྡན་པ་ནང་འདྲེན། ཤེས་ལྡན་པས་བོད་སྐྱོར་བཅས་བྱས་པ་བརྒྱུད་ནས། ཡུལ་སྐོར་ལས་སྒྲུབ་མི་སྣའི་ལས་རིགས་བྱང་ཚད་མཐོ་རུ་གཏོང་བ་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་རྒྱལ་སྤྱི་ཅན་དང་། ཕྱོགས་ཡོངས། སྤུས་ཚད་མཐོ་བ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
           བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གྲོང་ཁྱེར་དང་ས་ཁུལ་ཁག་གིས་བཏོན་པའི་བླང་བྱ་ལྟར་ཡུལ་དེ་གའི་གྲོང་ཁྱེར་དུ་“ཅན་གཉིས་”འཛུགས་སྐྲུན་གྱི་ཚོད་ལྟའི་རྫོང་(ཁུལ)བདམས་ནས་ལས་ཀའི་ཇུས་གཞི་ཞིབ་འཇུག་དང་གཏན་འབེབས་ཡག་པོ་བྱས་ནས། ཕྱོགས་ཁག་གི་ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་ཡག་པོ་བྱས་ནས་ཚོད་ལྟའི་ལས་དོན་སྤེལ་མགོ་འཛུགས་རྒྱུར་དམ་འཛིན་བྱེད་དགོས་ལ། དུས་མཚུངས་སུ་“ཅན་གཉིས་”ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་དང་། ཡུལ་སྐོར་རྒྱ་སྐྱེད། ཡུལ་སྐོར་དར་རྒྱས་བཅས་དྲིལ་བསྒྲགས་ཀྱི་མཐོ་རླབས་ཆེན་པོ་འཕྱུར་བར་བྱས་ཏེ། ཚོད་ལྟའི་ལས་དོན་ལ་བརྟེན་ནས་གྲོང་ཚོ་(གྲོང་རྡལ་)དང་། རྫོང་།(ཁུལ) གྲོང་ཁྱེར་དང་ས་ཁུལ་བཅས་ཀྱིས་ས་ཚིགས་ནས་སློབ་སྦྱོང་དང་། དྲ་ལམ་ནས་སློབ་སྦྱོང། ཁྱོན་ཡོངས་ནས་སློབ་སྦྱོང་བཅས་བྱ་རྒྱུར་སྐུལ་ཁྲིད་བྱེད་པ་དང་“ཅན་གཉིས་”འཛུགས་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། དམངས་འཚོ་ལེགས་བཅོས་གཏོང་བ་དང་། ལས་ཞུགས་སྐུལ་ཁྲིད་བྱེད་པ། མི་རིགས་འགྲོ་འོང་དང་། བསམ་བློ་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཡུལ་སྐོར་ལས་རིགས་ཀྱི་ལེགས་ཆ་དང་ནུས་པ་མུ་མཐུད་དུ་འདོན་སྤེལ་ཡག་པོ་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། འཆམ་མཐུན་བཅས་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས་ཞེས་བླང་བྱ་བཏོན་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1