ཀྲུང་དབྱང་གི་སྐོར་གཟིགས་ཚོ་ཆུང་ས་གནས་འདི་དག་ལ་ཕེབས་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། 09-29


        ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དྲུག་པའི་སྐོར་གཟིགས་ཚོ་ཆུང་གིས་པེ་ཅིང་གྲོང་ཁྱེར་དང་། ཐེན་ཅིན་གྲོང་ཁྱེར། ནང་སོག་རང་སྐྱོང་ལྗོངས། ཅི་ལིན་ཞིང་ཆེན། ཧྲང་ཧའེ་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན། ཨན་ཧུའེ་ཞིང་ཆེན། ཅང་ཤིས་ཞིང་ཆེན། ཧུའུ་པེ་ཞིང་ཆེན། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས། ཁྲུང་ཆིང་གྲོང་ཁྱེར། ཡུན་ནན་ཞིང་ཆེན། བོད་རང་སྐྱོང་ལྗོངས། ཧྲའན་ཤིས་ཞིང་ཆེན། ཀན་སུའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས། རྒྱལ་ཡོངས་སྲིད་གྲོས་ལས་ཁུངས། སྤྱི་བདེ་པུའུ། ནོར་སྲིད་པུའུ། ཆུ་བེད་པུའུ། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྩིས་བཤེར་ཧྲུའུ། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས། རྒྱལ་ཁབ་གནས་སྤོས་མི་སེར་དོ་དམ་ཅུས། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས། ཀྲུང་གོ་ཞིང་ལས་ཚན་རིག་ཁང་།  ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་།  ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་སོགས་ས་གནས་དང་ཚན་པ་32ཀྱི་ཏང་རྩ་འཛུགས་ལ་རྒྱུན་གཏན་གྱི་སྐོར་གཟིགས་བྱ་རྒྱུ་རེད། 
        《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་གཟིགས་ལས་དོན་སྲོལ་ཡིག》གི་གཏན་འབེབས་ལ་གཞིགས་ནས། རེས་སྐོར་དྲུག་པའི་སྐོར་གཟིགས་དང་འབྲེལ་བ་ཡོད་པའི་ཁྲང་ཁྲུན་དང་། ཧང་ཀྲོའུ། ཉིང་པོ། ཝུའུ་ཧན། ཤིས་ཨན་བཅས་ཞིང་ཆེན་རིམ་པའི་གྲོང་ཁྱེར་གྱི་ཏང་ཨུད་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་འགན་འཁུར་བ་གཞོན་པ་5མཉམ་དུ་སྐོར་གཟིགས་བྱ་ཡུལ་ནང་འཇུག་རྒྱུ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1