རྔ་བ་ཁུལ་དེ་རྒྱལ་ཡོངས་ཀྱི་འོད་གཟུགས་དྲ་བའི་ཁུལ་ཐོག་མར་གྱུར།

སྐྱིད་འཚོས་བསྒྱུར། རྩོམ་སྒྲིག་པ།སྐྱིད་འཚོ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 12-10


ཁྱིམ་ནང་དུ་འོད་གཟུགས་དྲ་བ་སྤྱོད་བཞིན་པ།

     སྤྱི་ཟླ་12པའི་ཚེས་8ཉིན།   གསར་འགོད་པས་ཀྲུང་གོའི་གློག་འཕྲིན་སྤྱི་གཉེར་ཁང་སི་ཁྲོན་ཡན་ལག་སྤྱི་གཉེར་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར།  རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་རྩྭ་སྡེ་དགུ་རྫོང་གི་s1240བརྗེ་རེས་སྒྲིག་ཆས་ཀྱི་གློག་དྲའི་སྒོ་བརྒྱབ། རྔ་བ་ཁུལ་གྱི་རྫོང་ཁག་13གྱི་སྲོལ་རྒྱུན་PSTNཡི་བརྗེ་རེས་སྒྲིག་ཆས་ཀུན་བརྗེས་ནས་གློག་དྲའི་སྒོ་བརྒྱབ་པ་དེས་རྔ་བ་ཁུལ་འོད་གཟུགས་དྲ་བའི་དུས་རབས་སུ་བསྐྱོད་པ་མཚོན་ཡོད་ལ། རྒྱལ་ཡོངས་ཀྱི་འོད་གཟུགས་དྲ་བས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་བའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་ཆེས་ཐོག་མར་གྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1