ཁྲེན་ཏུའུ་རུ་གནའ་བོའི་མཆོད་རྟེན་སྐོར་གྱི་བགྲོ་གླེང་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-30



     མདོ་དབུས་མཐོ་སྒང་གི་གནའ་ཤུལ་དང་མི་རིགས་རིག་གནས་དར་སྤེལ་ལ་མཐོང་ཆེན། མཆོད་རྟེན་སྐོར་གྱི་རིག་གཞུང་ཞིབ་འཇུག་གི་གྲུབ་གནས་མཐོ་འདེགས། ཡུས་ཧྲུའུ་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་དང་། གནའ་ཤུལ་སྲུང་སྐྱོབ། ཡུལ་སྐོར་ཐོན་ཁུངས་གསར་འབྱེད། ཆེད་ལས་མི་སྣ་གསོ་སྐྱོང་ཡོང་བ་སོགས་ལ་ཚན་རིག་དང་མཐུན་པའི་བསམ་བློ་དང་རིག་གཞུང་གི་རྒྱབ་རྟེན་ཡོང་ཆེད། སྤྱི་ལོ༢༠༢༠ལོའི་སྤྱི་ཟླ་༩པའི་ཚེས་༢༩སྔ་དྲོའི་ཆུ་ཚོད་༩པའི་ཐོག་མདོ་དབུས་མཐོ་སྒང་གི་གནའ་བོའི་མཆོད་རྟེན་སྐོར་གྱི་བགྲོ་གླེང་ཐོག་མ་དེ་ཁྲེང་ཏུའུ་ཁྲི་ཀ་ཚང་རྒྱལ་སྤྱིའི་མགྲོན་ཁང་དུ་སྤེལ། 

       ཚོགས་འདུ་འདི་ནི་ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། སི་ཁྲོན་སློབ་གྲྭ་ཆེན་མོ་ལོ་རྒྱུས་རིག་གནས་སློབ་གླིང་གིས་གཙོ་གཉེར་མཛད། ཚོགས་ཐོག་ཏུ་རྒྱ་བོད་ཀྱི་ཆེད་མཁས་མང་པོས་མདོ་དབུས་མཐོ་སྒང་གི་མཆོད་རྟེན་གྱི་ལོ་རྒྱུས་རྟོག་ཞིབ་དང་། མཆོད་རྟེན་དང་ནང་བསྟན་རིག་གནས་ཀྱི་འབྲེལ་བ། མཆོད་རྟེན་གྱི་རིགས་དང་། མཆོད་རྟེན་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་སོགས་ཀྱི་བརྗོད་གཞིའི་སྐོར་ནས་བགྲོ་གླེང་གཟབ་རྒྱས་གནང་། སི་ཁྲོན་སློབ་གྲྭ་ཆེན་མོའི་ལོ་རྒྱུས་རིག་གནས་སློབ་གླིང་གི་གླིང་གཙོ། སི་ཁྲོན་སློབ་ཆེན་བཤམས་སྟོན་ཁང་གི་འགན་འཛིན་ཧོ་ཝུས་དང་། ཀྲེ་ཅང་སློབ་ཆེན་རྒྱ་བོད་ནང་བསྟན་སྒྱུ་རྩལ་ཞིབ་འཇུག་ཁང་གི་འགན་གཙོ་ཞེ་ཇིས་ཧྲེན། བོད་ཀྱི་ཨར་ལས་རིག་གནས་ཆེད་མཁས་མི་ཉག་ཆོས་ཀྱི་རྒྱལ་མཚན། སྔར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་གཙོ་སྒྲིག་གཞོན་པ་དཔའ་རིས་བསོད་ནམས་ཚེ་རིང་སོགས་རྒྱ་བོད་ཀྱི་ཆེད་མཁས་དང་། སྐུ་མགྲོན་བཅུ་ཕྲག་ལྔ་ཙམ་ཚོགས་འདུ་ལ་ཞུགས་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1