ལྷོ་ཁོ་རེ་ཡ་དང་ཨ་རིའི་ཕྱོགས་དྲུག་གྲོས་མོལ་གྱི་ཚོགས་གཙོའི་མཇལ་མོལ་གྱིས་བྱང་ཁོ་རེ་ཡའི་ཉིང་རྡུལ་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-10


ཁོ་རེ་ཡ་ལྷོ་མ་དང་བྱང་མའི་ས་བཀྲ།

              སྤྱི་ཟླ་12པའི་ཚེས་5ཉིན། ཕྱོགས་དྲུག་གྲོས་མོལ་གྱི་ལྷོ་ཁོ་རེ་ཡའི་ཕྱོགས་ཀྱི་ཚོགས་གཙོ། ལྷོ་ཁོ་རེ་ཡའི་ཕྱི་འབྲེལ་པུའུ་ཡི་ཁོ་རེ་ཡ་ཕྱེད་གླིང་གི་ཞི་བའི་འབྲེལ་གཏུག་པུའུ་ཀྲང་ཧོང་ཅུན་ཅུའུ་ཡིས་འཚམས་འདྲིར་ཕེབས་པའི་ཕྱོགས་དྲུག་གྲོས་མོལ་གྱི་ཨ་རིའི་ཕྱོགས་ཀྱི་ཚོགས་གཙོ། ཨ་རིའི་རྒྱལ་དོན་ཁང་གི་ཨེ་ཤེ་ཡ་ཤར་མ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ལས་དོན་གྱི་པུའུ་ཀྲང་གཞོན་པ་དང་བྱང་ཁོ་རེ་ཡ་དང་འབྲེལ་བའི་སྲིད་ཇུས་ཀྱི་དམིགས་བསལ་སྐུ་ཚབ་གཅིག་ལྕོགས་ཅིན་ཀྲིན་དང་མཇལ་འཛོམས་གནང་བ་དང་། ཕྱོགས་གཉིས་པོས་བྱང་ཁོ་རེ་ཡ་དང་བྱང་ཁོ་རེ་ཡའི་ཉིང་རྡུལ་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཡོད། ཅིན་ཀྲིན་གྱིས་མཇལ་མོལ་གནང་མཇུག་སྒྲིལ་རྗེས་གསར་འགྱུར་ཚན་པར། བྱང་ཁོ་རེ་ཡས་ལྷག་བསམ་ཡོད་པའི་ཐོག་ནས་ཉིང་རྡུལ་མེད་པ་མངོན་འགྱུར་བྱ་མ་ཐུབ་གོང་། འཚབ་འཚུབ་ངང་བྱང་ཁོ་རེ་ཡའི་ཉིང་རྡུལ་ གནད་དོན་གྱི་སྐད་ཆ་ཤོད་རེས་སླར་གསོ་བྱས་པ་ནི་ཐབས་ལ་མཁས་པ་ཞིག་མིན་ཞེས་དང་། ཁོང་གིས་བྱང་ཁོ་རེ་ཡས་རང་ཉིད་ཀྱིས་ཉིང་རྡུལ་མེད་པ་ཁས་ལེན་བྱས་པ་དོན་ཐོག་ཏུ་འཁྱོལ་རྒྱུའི་སྙིང་སྟོབས་ར་སྤྲོད་བྱ་དགོས་ངེས་རེད་ཅེས་ནན་གྱིས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1