བུད་མེད་ཚན་རིག་མཁས་པ་གཉིས་ལ་ནོ་པེར་བྱ་དགའ་ཐོབ་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-10



   ཕྱི་རྒྱལ་གྱི་དྲ་བའི་ཐོག་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། 2020ལོའི་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཧྥ་རན་སིའི་བུད་མེད་ཚན་རིག་པ་ཨའེ་མ་ཉིའུ་ཨའེ་ལེ·ཧྲར་ཕང་ཅེ་(EmmanuelleCharpentier)དང་ཨ་རིའི་བུད་མེད་ཚན་རིག་པ་ཀྲེན་ཉི་ཧྥུ·ཨན་ཉི་·ཏོ་ཏི་ན་(Jennifer A. Doudna)གཉིས་ལ་ཐོབ་པ་ཁྱབ་བསྒྲགས་བྱས་ཡོད་ཅིང་། དེ་ནི་ཁོང་རྣམ་གཉིས་ཀྱིས་“གཞི་རྒྱུ་ཚོགས་པའི་རྩོམ་སྒྲིག་བྱ་ཐབས་ཤིག་གསར་སྤེལ་བྱས་པར་”གཟེངས་བསྟོད་བྱས་པ་ཡིན་འདུག ཚན་རིག་མཁས་པ་དེ་གཉིས་ནི་ཁག་སོ་སོར་1968ལོ་དང་1964ལོར་འཁྲུངས་འདུག

 

བུད་མེད་ཚན་རིག་མཁས་པ་གཉིས་ལ་ནོ་པེར་བྱ་དགའ་ཐོབ་འདུག

 

    ནོ་པེར་བྱ་དགའི་གཞུང་ཕྱོགས་དྲ་བའི་ཐོག་ངོ་སྤྲོད་བྱས་པ་ལྟར་ན། ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ནི་སུའེ་ཏེན་གྱི་རྫས་འགྱུར་རིག་པ་གྲགས་ཅན་ཨར་ཧྥུ་ལེ་ཏེ་·པེ་ཨེན་ཧ་ཏེ་·ནོ་པེར་གྱི་ཁ་ཆེམས་ལྟར་“རྫས་འགྱུར་གསར་རྙེད་དམ་ལེགས་བཅོས་གལ་ཆེ་ཤོས་བྱེད་མཁན་ལ་”གཟེངས་བསྟོད་བྱ་ཆེད་བཙུགས་པའི་བྱ་དགའ་ཞིག་ཡིན་ལ། བྱ་དགའ་དེ་སུའེ་ཏེན་གྱི་གོང་མ་ཚང་གི་ཚན་རིག་ཁང་ནས་གནང་གི་ཡོད། 

 

བུད་མེད་ཚན་རིག་མཁས་པ་གཉིས་ལ་ནོ་པེར་བྱ་དགའ་ཐོབ་འདུག

 

   ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ནི་1901ལོ་ནས་གནང་འགོ་ཚུགས་པ་དང་། བྱ་དགའ་ཐོབ་མཁན་ཐོག་མ་ནི་ཧོ་ལན་གྱི་རྫས་འགྱུར་རིག་པ་མཁས་པ་ཡ་ཀོ་པུའུ་སི་·ཧེང་ལི་ཁེ་སི་·ཧྥན་ཐུའོ་ཧྥུ་ཡིན་ཞིང་། ཁོང་ལ་བྱ་དགའ་འདི་སྤྲད་དོན་ནི་ཁོང་གིས་ཞུ་ཁུའི་ཁྲོད་ཀྱི་རྫས་འགྱུར་སྒུལ་ཤུགས་རིག་པའི་ངེས་ལུགས་དང་སིམ་གནོན་ཆོས་ཉིད་གསར་རྙེད་དང་། དེ་བཞིན་ལངས་གཟུགས་རྫས་འགྱུར་དང་རྫས་འགྱུར་དོ་མཉམ་གྱི་རིགས་པའི་གཞུང་ལུགས་ལ་བྱས་རྗེས་བཞག་པར་གཟེངས་བསྟོད་བྱེད་ཆེད་ཡིན་པ་རེད། 2019ལོའི་ཚུན་དུ་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ་མཁན་རྒན་ཤོས་ནི་ལོ་97ཡིན་པའི་ཨ་རིའི་ཚན་རིག་མཁས་ཅན་གཡོད་ཧན·ཀུའུ་ཏི་ན་ཧྥུའུ་ཡིན་པ་དང་ལོ་གཞོན་ཤོས་ནི་ཅུས་ལི་བཟའ་ཚོ་གཉིས་ཀྱི་མག་པ་སྟེ། ཧྥ་རན་སེའི་ཚན་རིག་མཁས་ཅན་ཧྥེ་ལེ་ཏེ་ལི་ཨའོ·གཡོད་ལི་ཨའོ་ཡིན། ཁོང་ལོ་35ལ་ཕེབས་དུས་ཁྱོ་ཤུག་གཉིས་ལ་བྱ་དགའ་དེ་མཉམ་དུ་ཐོབ་པ་རེད།

བུད་མེད་ཚན་རིག་མཁས་པ་གཉིས་ལ་ནོ་པེར་བྱ་དགའ་ཐོབ་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1