ཝང་དབྱི་ཡིས་ཀྲུང་དབྱང་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱས་ཏེ་ཞི་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་དོན་ལྔ་ལོན་པའི་མཐོ་རིམ་གྲོས་ཚོགས་རབ་དང་རིམ་པར་ཞུགས་པའི་གནས་ཚུལ་མཚམས་སྦྱོར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 10-10


        ཉེ་ལམ། རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་ཡིས་ཀྲུང་དབྱང་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་དོན་ལྔ་ལོན་པའི་མཐོ་རིམ་གྲོས་ཚོགས་རབ་དང་རིམ་པར་ཞུགས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འདུ་ཤེས་དང་འདོད་བློ། དེ་མིན་དེའི་དོན་སྙིང་གལ་ཆེན་རྒྱས་བཤད་བྱས།
        ཝང་དབྱི་ཡིས་བཤད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྟེང་རྣམ་བཤད་གསར་བ་དང་འདོད་ཚུལ་གསར་བ་རབ་དང་རིམ་པ་བཏོན་པ་དེས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་རིགས་གཞུང་དང་ལག་ལེན་ནང་དོན་ཕུན་སུམ་ཚོགས་པར་བཏང་། ལོ་ལྔའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་བདུན་ཅུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྟེང་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པའི་ཐད་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་ཐབས་ལམ་བཏོན་པ་དང་། ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྟེང་ཀྲུའུ་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་ཐད་ལ་བསམ་ཞིབ་གཏོང་དགོས་པ་དང་སྦྲེལ་ཏེ། ཧ་ཅང་གལ་ཆེ་བའི་བློ་སྒོ་འབྱེད་པ་བཞི་བཏོན། ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་སུ་གནང་བའི་གསུང་བཤད་ཀྱིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པའི་རིགས་གཞུང་མ་ལག་འཐུས་ཚང་དུ་བཏང་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་རིགས་གཞུང་དང་ལག་ལེན་གསར་སྐྲུན་ལ་སྣེ་ཁྲིད་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཞིང་། དེ་ལ་རིགས་གཞུང་རིན་ཐང་དང་དུས་རབས་ཀྱི་རིན་ཐང་གལ་ཆེན་ལྡན་པར་མ་ཟད། ང་ཚོའི་ཕྱིན་ཆད་ཀྱི་ཕྱི་འབྲེལ་བྱ་བར་སྔར་ལས་སྟོབས་དང་ལྡན་པའི་བསམ་བློའི་མཚོན་ཆ་འདོན་སྤྲོད་བྱེད་ངེས་རེད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1