2020ལོར་རྔ་བ་ཁུལ་ཡོངས་ཀྱི་རིག་གནས་དང་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་དང་རྔ་བ་ཁུལ་ཡོངས་ཀྱིས་སྒྲུབ་འགན་འཁུར་བའི་2021ལོའི་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་སྐུལ་སློང་བཀོད་སྒྲིག་གི་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 10-12


2020ལོར་ཁུལ་ཡོངས་ཀྱི་རིག་གནས་དང་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་དང་ཁུལ་ཡོངས་ཀྱིས་སྒྲུབ་འགན་འཁུར་བའི་2021ལོའི་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་སྐུལ་སློང་བཀོད་སྒྲིག་གི་ཚོགས་འདུ་ཝུན་ཁྲོན་དུ་འཚོགས། 


        རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཟླ10བའི་ཚེས8ཉིན་ནས་ཚེས9ཉིན་བར།  2020ལོར་ཁུལ་ཡོངས་ཀྱི་རིག་གནས་དང་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་དང་ཁུལ་ཡོངས་ཀྱིས་སྒྲུབ་འགན་འཁུར་བའི་2021ལོའི་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་སྐུལ་སློང་བཀོད་སྒྲིག་གི་ཚོགས་འདུ་ཝུན་ཁྲོན་དུ་འཚོགས།

         ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་ཀྱང་གནང་། ཁོས་ཟླ་བའི9ཚེས་25ཉིན། 2020ལོའི་སི་ཁྲོན་ཞིང་ཆེན་རིག་གནས་དང་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་ཐོག་རྔ་བ་ཁུལ་ནི་2021ལོའི་སི་ཁྲོན་ཞིང་ཆེན་རིག་གནས་དང་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་སྒྲུབ་འགན་འཁུར་ཡུལ་ཡིན་པ་ཁྱབ་བསྒྲགས་བྱས། དེ་ནི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རང་ཁུལ་ལ་སྤྲད་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། རྔ་བ་ཁུལ་དྲིལ་སྒྲོག་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཡིན་པར་མ་ཟད། ད་དུང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྔ་བར་བཅངས་པའི་ཐུགས་ཁུར་དང་བརྩེ་སེམས། ཡིད་ཆེས། མངགས་བཅོལ་བཅས་ཡིན།  ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། 2020ལོའི་སི་ཁྲོན་ཞིང་ཆེན་གྱི་རིག་གནས་དང་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་དང་། ལྷག་པར་དུ་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡི་བླང་བྱ་གལ་ཆེན་དོན་དོན་འཁྱོལ་ནན་ཏན་བྱེད་པ། 2021ལོའི་སི་ཁྲོན་ཞིང་ཆེན་གྱི་རིག་གནས་དང་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་སྒྲུབ་འགན་འཁུར་བའི་གོ་སྐབས་དང་བསྟུན་ནས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ་དང་། གོ་སྐབས་དམ་འཛིན་བྱས་ཏེ། རིག་གནས་དང་ལྗོངས་སྐོར་མཉམ་འདྲེས་དང་། ས་ཁོངས་ཧྲིལ་བོའི་ལྗོངས་སྐོར་ཞེས་པའི་ལས་དོན་ཆེན་པོ་དེ་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས།རྒྱལ་ཁབ་ཀྱི་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་དང་། རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་བོའི་ལྗོངས་སྐོར་དཔེ་སྟོན་ཁུལ། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ལྗོངས་སྐོར་དམིགས་ཡུལ་བཅས་མགྱོགས་མྱུར་ངང་བསྐྲུན་པ་དང་། སི་ཁྲོན་རིག་གནས་འཛུགས་སྐྲུན་དང་ལྗོངས་སྐོར་ཞིང་སྤེལ་སོགས་ལ་རྔ་བ་ཁུལ་གྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པ་ཞེས་བཤད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1