གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁྲིམས་གསལ་མེ་ལོང་། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༠ཚེས་༡༣ཉིན།

༄༅།།སྡོད་ཁང་གི་ས་ཆའི་སྤྱོད་དབང་དུས་བཅད་ཐིམ་ན་ཇི་ལྟར་བྱེད་དགོས།

དམངས་དོན་ཁྲིམས་གཞུང་གི་འབྲེལ་ཡོད་དོན་ཚན་ལ་གཟིགས་དང་།

          དོན་ཚན་སུམ་བརྒྱ་ང་དགུ་པ། སྡོད་ཁང་འཛུགས་སྐྲུན་ཐད་སྤྱད་པའི་ས་ཆའི་སྤྱོད་དབང་དུས་བཅད་ཐིམ་ན། རང་བཞིན་གྱིས་དུས་འགྱངས་བྱེད་དགོས། དུས་བསྲིངས་གྲོན་དངུལ་སྤྲོད་པའམ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་དེ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ།
          སྡོད་ཁང་མིན་པའི་འཛུགས་སྐྲུན་ཐད་སྤྱད་པའི་ས་ཆའི་སྤྱོད་དབང་གི་དུས་བཅད་ཐིམ་རྗེས་དུས་བསྲིང་བྱ་རྒྱུ་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས། ས་ཆ་དེའི་སྟེང་གི་ཁང་པ་དང་དེ་བཞིན་གཏན་འཇགས་རྒྱུ་ནོར་གཞན་དག་གི་གཏོགས་ཁོངས་ཐད་ཁ་ཆད་བཞག་ཡོད་ན། ཁ་ཆད་ལྟར་བསྒྲུབ་རྒྱུ་དང་། ཁ་ཆད་བཞག་མེད་པའམ་ཡང་ན་ཁ་ཆད་གསལ་པོ་མེད་ན། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1