དཀར་མཛེས་ཁུལ་གྱི་ནང་བསྟན་ཆོས་ལུགས་སྐོར་གྱི་བཞུགས་མོལ་གྲོས་ཚོགས་གལ་ཆེན་ཞིག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-16



རང་ཁུལ་ནང་བསྟན་ཆོས་ལུགས་སྐོར་གྱི་བཞུགས་མོལ་གྲོས་ཚོགས་གལ་ཆེན་ཞིག

      སྤྱི་ཟླ10པའི་ཚེས13ཉིན་གྱི་སྔ་དྲོར། ཁུལ་ཡོངས་ཀྱི་ནང་བསྟན་ཆོས་ལུགས་ཀྱི་འཐུས་ཚབ་མི་སྣས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་འཕོ་འགྱུར་ལ་འཕྲོད་པར་བྱེད་པའི་བཞུགས་མོལ་ཚོགས་འདུ་དེ་དར་མདོར་འཚོགས་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཤུགས་ཆེན་བྱས་པར་མ་ཟད། བོད་བརྒྱུད་ནང་བསྟན་རང་ངོས་ནས་མགོ་བཙུགས་ཏེ་ལག་བསྟར་བྱེད་ཐབས་མཉམ་དུ་གྲོས་བསྡུར་བྱེད་ཅིང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད། 

     ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥུང་ཧྥ་ཀུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཧྲུའུ་ཏ་ཁྲུན་སོགས་ཚོགས་འདུར་ཞུགས་པ་རེད། 

     ལིའུ་ཁྲེང་མིང་གིས་གསུང་བཤད་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དེ་ལ། མངོན་གསལ་དོད་པའི་དུས་རབས་ཀྱི་ཁྱད་ཆོས་དང་དངོས་ཡོད་ཀྱི་དམིགས་སའི་རང་བཞིན་ཡོད་ཅིང་། དེ་ནི་བོད་བརྒྱུད་ནང་བསྟན་ལས་རིགས་ལ་རེ་བ་ཆེན་པོ་བྱས་པ་ཞིག་ཡིན་ལ་ཆོས་ལུགས་འཚོ་གནས་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་གསལ་སྟོན་གཏིང་ཟབ་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་བཏང་སྟེ། དུས་བབ་གསར་པའི་འོག་ང་ཚོས་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྙིང་དོན་སློབ་སྦྱོང་ཡག་པོ་དང་། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱ་རྒྱུ་དེ་ད་ཆ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་ཤིག་ལ་བརྩི་དགོས། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་ཏུ་གཅིག་གྱུར་ཏན་ཏིག་བྱས་ཏེ། ཆབ་སྲིད་ཐད་ལ་རྗེས་སུ་དམ་པོར་སྙེག་པ་ད་ང། བསམ་བློའི་ཐད་ལ་བརྩི་བཀུར།བརྩེ་དུང་ཐད་ལ་ཉེ་བཅར། བྱ་སྤྱོད་ཐད་ལ་སྲུང་སྐྱོང་བཅས་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཐད་ཀྱི་རང་རྟོགས་བཅས་སྔར་ལས་ཆེ་རུ་གཏང་དགོས། རྒྱལ་གཅེས་རིང་ལུགས་ནི་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པའི་ཆབ་སྲིད་ཀྱི་རྨང་གཞི་ཡིན་པ་བློ་ལ་བརྟན་པོར་ངེས་ནས་མ་བསྐུལ་དང་ལེན་གྱིས་ཏང་གི་མགོ་ཁྲིད་དང་ལེན་བྱེད་པ་དང་། ཏང་ལ་གནོད་པའི་གཏམ་སྤྱོད་མཐའ་དག་ལ་འཕྲལ་ཐག་ཆོད་པོས་ངོ་རྒོལ་བྱེད་པ། རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཡང་དག་འཆང་ཞིང་། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པ་དང་དགོན་སྡེ་ཁག་གི་མདུན་ལམ་དང་རྒྱལ་ཁབ་ཀྱི་གཟི་ཁྲེལ་དར་རྒུད་དང་འབྲེལ་བ་དམ་ཟབ་ཡོད་པར་ངོས་འཛིན་གཏིང་ཟབ་བྱས་ཏེ་ཏང་གི་ལོ་རྒྱུས་དང་། ཀྲུང་གོའི་ལོ་རྒྱུས་གསར་པ། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས་རྒྱ་ཆེ་བའི་གྲྭ་བཙུན་ཚོའི་ངོས་འཛིན་གཅིག་མཐུན་ལྔ་ཞེས་པའི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏང་དགོས།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1