གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༠ཚེས་༡༦ཉིན།

ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་14ཉིན་གྱི་སྔ་དྲོ། ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་བ་དང་། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་ངང་སྐུལ་འདེད་གཏོང་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཐོག རང་རྒྱལ་འདི་ཉིད་གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་པའི་གནས་བབ་ཧྲིལ་པོ་ནས་འགོ་བཙུགས་ཏེ། གོང་འཕེལ་གྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་དང་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་རྒྱུར་དམ་པོར་གཞིགས་པ། སྔར་ན་མེད་པའི་འབད་འཐབ་ཀྱི་ཉམས་འགྱུར་དང་དྲག་ཆར་རླུང་འཚུབ་ལ་མི་སྐྲག་པའི་སྙིང་སྟོབས་ཀྱི་ཐོག་ནས་བསྒྱུར་བཅོས་མཚམས་མི་འཇོག་པ་དང་སྒོ་དབྱེ་མཚམས་མི་འཇོག་པར། འགོ་འཛུགས་ས་དེ་བས་མཐོ་བའི་ཐོག་ནས་བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དམིགས་བསལ་ཁུལ་གྱི་ལས་དོན་གྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་བསྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཚོགས་ཆེན་ལ་ཞུགས་ཡོད།
        ཧྲེན་ཀྲེན་ཆན་ཧའེ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་གློག་འོད་ཆེམ་ཆེམ་འཕྲོ་བ་དང་རྣམ་པ་འཁྲུག་ཆ་དོད་པོ་ཡོད། ཚོགས་རའི་ནང་འཕྲེད་འགེལ་སྦྱར་ཡིག་ཆེན་པོ་ཞིག་བཀལ་ཡོད་པའི་སྟེང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་པའི་ཐོག་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བྲིས་ཡོད་པ་རེད།
        ཆུ་ཚོད་10དང་སྐར་མ་30ཡི་ཐོག ཚོགས་ཆེན་འགོ་ཚུགས་པ་དང་། ཚང་མས་ཡར་བཞེངས་ནས་སྐང་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད།
        སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རླབས་ཆེའི་གསར་གཏོད་ཅིག་རེད། དུས་ཡུན་རིང་པོའི་ནང་། ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་དང་རྒྱལ་ཡོངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག དཔལ་འབྱོར་དམིགས་བསལ་ཁུལ་ཁག་གིས་བསམ་བློར་བཅིངས་འགྲོལ་དང་། བསྒྱུར་བཅོས་གསར་སྐྲུན། འགན་འཁྲི་འཁུར་ཕོད་པ། དཀའ་སྤྱད་ཡར་བརྩོན་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་འཕེལ་རིམ་ཁྲོད་དཔའ་ངར་ཆེན་པོས་མདུན་སྐྱོད་དང་གསར་གཏོད་ཡར་བརྩོན་གྱི་བརྗིད་ཆེའི་ལེའུ་བཏོད་པ་དང་། རྒྱལ་ཡོངས་སུ་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་ཚབ་ཞུས་ཏེ། དཔལ་འབྱོར་དམིགས་བསལ་ཁུལ་གྱི་རྒྱ་ཆེའི་འཛུགས་སྐྲུན་པ་དང་། དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་བྱེད་པའི་ནང་ལེགས་སྐྱེས་འབུལ་མཁན་བློ་མཐུན་ཡོངས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་བ་དང་། སྐུ་མགྲོན་རྣམས་དང་དཔལ་འབྱོར་དམིགས་བསལ་ཁུལ་གྱི་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད།
        ཞི་ཅིན་ཕིང་གིས། ཧྲེན་ཀྲེན་ནི་བསྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཏང་དང་མི་དམངས་ཀྱིས་གསར་གཏོད་གནང་བའི་གྲོང་ཁྱེར་གསར་རྐྱང་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་གང་ཡང་མེད་པའི་ས་ཆ་ཞིག་གི་ཐོག་བཏོད་པའི་ངོ་མཚར་ཞིག་ཡིན། ལོ་ངོ་40ཡི་རིང་། ཧྲེན་ཀྲེན་གྱིས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་བ་དང་། ཚན་རྩལ་གསར་གཏོད་ལ་སྐུལ་མ་ཤུགས་ཆེན་བཏང་བས། རྗེས་ལུས་ཀྱི་མཐའ་ཁུལ་གྲོང་རྡལ་ཆུང་ངུ་ཞིག་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཆེན་པོ་ཞིག་གི་བར་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་བ། བསམ་བློར་བཅིངས་འགྲོལ་དང་དུས་བསྟུན་མདུན་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། གཞན་གྱི་སྔོན་ལ་ཁྲོམ་རར་བསྟུན་པའི་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་བྱས་པས། དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ནས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བར་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་བ། ནང་དུ་འདྲེན་པ་དང་ཕྱི་རུ་བསྐྱོད་པའི་བྱ་ཐབས་གཉིས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་བེད་སྤྱོད་གང་ལེགས་བྱས་པ། གོ་ལ་ཧྲིལ་པོའི་མ་འཇོག་ཡིད་འགུགས་གང་ཐུབ་བཅས་བྱས་པས། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་གིས་གཙོ་བོ་བྱེད་པ་ནས་ཕྱོགས་གང་ཅིའི་ཐད་ནས་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་བར་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་སྤེལ་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་གཙོ་གཟུགས་གནས་བབ་ལ་བརྩི་འཇོག་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་ཧུར་ཐག་བཅས་བྱས་པས། དཔལ་འབྱོར་གསར་སྤེལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། འབྱུང་ཁམས་དཔལ་ཡོན་བཅས་ཀྱི་གོང་འཕེལ་ལ་སྤྱི་འདོམས་བྱེད་པའི་བར་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་བ། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་ཤུགས་ཆེར་བཏང་བ་དང་། སློབ་གསོ་དང་། སྨན་བཅོས། སྡོད་ཁང་སོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བཏང་བ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་སྔོན་ལ་ལེགས་སྒྲུབ་བྱས་པས། ལྟོ་གོས་གནད་དོན་ཐག་གཅོད་བྱེད་པ་ནས་སྤུས་ཚད་མཐོ་བའི་ཁྱོན་ཡོངས་འབྱོར་འབྲིང་བར་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་ཡོད། ཧྲེན་ཀྲེན་སོགས་དཔལ་འབྱོར་དམིགས་བསལ་ཁུལ་གྱི་ལེགས་གྲུབ་ལྡན་པའི་ལག་ལེན་དངོས་ལས་ར་སྤྲོད་ཐུབ་པར། དཔལ་འབྱོར་དམིགས་བསལ་ཁུལ་གསར་བསྐྲུན་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་ནི་རྦད་དེ་ཡང་དག་ཡིན་པ་རེད། དཔལ་འབྱོར་དམིགས་བསལ་ཁུལ་མུ་མཐུད་གཉེར་དགོས་པ་མ་ཟད། སྔར་ལས་ལེགས་པ་གཉེར་བ་དང་། ཆུ་ཚད་སྔར་ལས་མཐོ་བ་གཉེར་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ཧྲེན་ཀྲེན་སོགས་དཔལ་འབྱོར་དམིགས་ཁུལ་གྱིས་ལོ་ངོ་40ཡི་བསྒྱུར་བཅོས་སྒོ་དབྱེའི་ལག་ལེན་དངོས་ལས་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་ཡོད་པས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་གྱི་ཆོས་ཉིད་ལ་ངོས་འཛིན་བྱ་རྒྱུ་གཏིང་ཟབ་ཏུ་ཕྱིན་ཡོད། གཅིག་ནས་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཏང་གིས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་གྱི་ཡང་དག་པའི་ཁ་ཕྱོགས་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། བསྒྱུར་བཅོས་ཀྱི་ལག་ལེན་དངོས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དེ་བས་བྱང་ཆ་ལྡན་ཞིང་གནས་སྟངས་གཏན་འཁེལ་བ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ། གསུམ་ནས་གོང་འཕེལ་གཏོང་རྒྱུ་ནི་གནས་ལུགས་བསྙོན་མེད་ཅིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གདོང་མཆོངས་བྱེད་ཕོད་ཅིང་ཚོད་ལྟ་བྱེད་ཕོད་པ། གཞན་གྱི་སྔོན་ལ་བསྐྱོད་ནུས་པ་བྱ་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཏེ། བསམ་བློའི་བཀག་རྒྱ་ལས་གྲོལ་བ་བྱས་ནས་བསྒྱུར་བཅོས་ལ་སྐུལ་ཁྲིད་བྱེད་དགོས་པ། བཞི་ནས་ངེས་པར་དུ་ཕྱོགས་མཐའ་ཀུན་ནས་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ་དང་། ནང་དུ་འདྲེན་པའི་ཡིད་དབང་འགུག་ཤུགས་དང་ཕྱི་རུ་གཏོང་བའི་འགྲན་རྩོད་ནུས་པ་ཆེ་རུ་ཟམ་མི་ཆད་པར་གཏོང་དགོས། ལྔ་ནས་ངེས་པར་དུ་གསར་སྐྲུན་ནི་སྒུལ་ཤུགས་ཨང་དང་པོར་འཛིན་རྒྱུ་དེ་རྒྱུན་འཁྱོངས་བྱེད་པ་དང་། འཛམ་གླིང་ཧྲིལ་པོའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ཁྲོད་དུ་རང་འགུལ་དབང་ཆ་ཐོབ་ཐབས་བྱེད་དགོས་པ། དྲུག་ནས་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། བསྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་དེ་མི་དམངས་མང་ཚོགས་ཀྱིས་དེ་བས་མང་བ་དང་དེ་བས་བཏང་སྙོམས་ཐོག་ནས་ལོངས་སུ་སྤྱོད་ཐབས་བྱེད་དགོས་པ། བདུན་ནས་ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་། དོ་ནན་པའི་ཁྲིམས་བསྟར། དྲང་གཞག་གི་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱས་ཏེ། ཁྲིམས་སྐྱོང་དེ་ཉིད་དཔལ་འབྱོར་དམིགས་བསལ་ཁུལ་གོང་འཕེལ་གཏོང་བའི་འགན་ལེན་གལ་ཆེན་ལ་འགྱུར་བ་བྱེད་དགོས་པ། བརྒྱད་ནས་ངེས་པར་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་དང་འབྱུང་ཁམས་ཁོར་ཡུག་ཁྱོན་ཡོངས་དང་མཐུན་སྦྱོར། རྒྱུན་མཐུད་བཅས་ཀྱི་སྒོ་ནས་གོང་འཕེལ་ཡོང་བ་བྱེད་དགོས་པ། དགུ་ནས་ངེས་པར་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ་དང་། ནང་ས་དང་ཤང་ཀང་། ཨའོ་མོན་བར་མཉམ་འདྲེས་གོང་འཕེལ་དང་ཕན་ཚུན་སྐུལ་འདེད་ཐེབས་རྒྱུར་སྐུལ་འདེད་གཏོང་དགོས་པ། བཅུ་ནས་ངེས་པར་དུ་རྒྱལ་ཡོངས་གཅིག་གྱུར་ཐོག་ནས་དཔལ་འབྱོར་དམིགས་བསལ་ཁུལ་གྱི་འགྱེད་འཕྲོ་སྐུལ་ཁྲིད་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ། རྒྱལ་ཡོངས་ཀྱི་གོང་འཕེལ་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་ནན་གསུངས་གནང་ཡོད།
        ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་གྱུར་ཡོང་བ་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཤིང་། དཔལ་འབྱོར་མགྱོགས་མྱུར་ངང་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་འགྱུར་ལྡོག་འགྲོ་བཞིན་ཡོད། ཧྲེན་ཀྲེན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ཡག་པོ་བྱ་དགོས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་གྲོང་ཁྱེར་གྱི་དཔེ་མཚོན་གཏོད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་གཏོང་དང་། ཁྱོན་ཡོངས་ནས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བའི་རྣམ་པ་གསར་པ་ཆགས་པ་བྱ་དགོས་པ་དང་། ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལག་ལེན་གསར་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས། སྔོན་ལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཐུབ་པ་བྱ་དགོས་པ་སྟེ། 
        གཅིག་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་བྱེད་པའི་གཙོ་ཐིག་འདི་རྒྱུན་འཁྱོངས་བྱེད་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ། སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། སྟོབས་ནུས་གསར་པ་ཆེ་རུ་གཏོང་དགོས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་ནུས་རིམ་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། དེ་བས་སྒོ་དབྱེའི་ཤེས་ལྡན་མི་སྣའི་སྲིད་ཇུས་ལག་བསྟར་བྱས་ཏེ། གནམ་འོག་གི་ཤེས་ལྡན་མི་སྣ་གཅིག་ཏུ་བསྡུས་ནས་སྤྱོད་དགོས། གཉིས་ནས་དུས་བསྟུན་མདུན་སྐྱོད་ཀྱིས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས། ཏང་ཀྲུང་དབྱང་གིས་ཞིབ་འཇུག་གཏིང་ཟབ་གནང་བ་བརྒྱུད། ཧྲེན་ཀྲེན་གྱིས་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟ་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་གནང་མུས་ཡིན་པ་དང་། ཞིབ་ཐོའི་དབང་ཆ་སྡེབ་སྤྲོད་ཀྱི་བྱེད་ཐབས་ཐོག་ནས་ཧྲེན་ཀྲེན་གྱི་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་བསྒྱུར་བཅོས་ཐད་རང་བདག་དབང་ཆ་དེ་བས་མང་བ་སྤྲད་ཡོད། ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་གྱིས་འགན་འཁྲི་ཁུར་བ་དང་། ཡང་དག་པའི་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། ཁྱབ་ཁོངས་གལ་ཆེན་དུ་བསྒྱུར་བཅོས་བྱེད་ཐབས་གལ་ཆེན་ཁག་གཅིག་འདོན་གང་ཐུབ་བྱ་དགོས། གསུམ་ནས་ཁྱོན་ཡོངས་ནས་བསྒྱུར་བཅོས་སྒོ་འབྱེད་ཧུར་ཐག་བྱེད་དགོས། ཐོན་སྐྱེད་དང་། བགོ་འགྲེམ། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་མ་ལག་ལེགས་སྒྱུར་རིམ་སྤོར་བྱེད་པ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་མོ་ཤར་གཏོང་དང་རྒྱལ་ནང་དང་རྒྱལ་སྤྱི་ཕན་ཚུན་འབྲེལ་མཐུད་འཁོར་རྒྱུག་ཐུབ་པའི་ནུས་པ་ཆེ་རུ་གཏོང་བ། སྒྲིག་སྲོལ་དང་ཚད་གཞི་སོགས་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཆུ་ཚད་སྔར་བས་མཐོ་བའི་སྒོ་དབྱེའི་རང་བཞིན་གྱི་དཔལ་འབྱོར་ལམ་སྲོལ་གསར་པ་སྔོན་ལ་གཏོད་པ་བཅས་བྱ་དགོས། རྒྱུད་གཅིག་ལམ་གཅིག་གི་འགྲམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་བར་བང་རིམ་མང་བ་དང་། ཁྱབ་ཁོངས་མང་བའི་དངོས་གཉེར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། བཞི་ནས་བསམ་བློ་གཏོང་ཕྱོགས་གསར་གཏོད་བྱས་ནས་གྲོང་ཁྱེར་བཅོས་སྒྲིག་མ་ལག་དང་བཅོས་སྒྲིག་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། དུས་རིམ་ཧྲིལ་པོའི་དོ་དམ་འདུ་ཤེས་འཛུགས་པ་བརྒྱུད། གྲོང་ཁྱེར་བཅོས་སྒྲིག་མ་ལག་དང་བཅོས་སྒྲིག་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ཐོག རིམ་འདས་རྣམ་པའི་གྲོང་ཁྱེར་གྱི་ཁྱད་ཆོས་དང་ཆོས་ཉིད་དང་འཚམ་པའི་བཅོས་སྒྲིག་ལམ་བུ་གསར་པའི་ཐོག་ཧུར་ཐག་ངང་བསྐྱོད་དགོས། ལྔ་ནས་དངོས་འཛིན་དངོས་གཉེར་ངང་མི་དམངས་ལྟེ་བར་བྱས་པའི་གོང་འཕེལ་གྱི་བསམ་བློ་ལག་ལེན་བསྟར་དགོས། བསྒྱུར་བཅོས་གསར་གཏོད་ཀྱི་བྱ་ཐབས་གསར་པ་སྔར་བས་མང་བ་འདོན་པ་བརྒྱུད། ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་བཅོལ། སྡོད་ཁང་། རྒན་གསོ། ཟས་རིགས་བདེ་འཇགས། འབྱུང་ཁམས་ཁོར་ཡུག སྤྱི་ཚོགས་བདེ་འགོད་སོགས་གནད་དོན་རེ་རེ་བཞིན་ཐག་གཅོད་ལེགས་པོ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་ལ་སྔར་བས་དོན་སྙིང་ལྡན་པ་དང་། བདེ་སྐྱིད་ཚོར་སེམས་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སེམས་ལ་སྔར་བས་འགན་ལེན་ཡོད་པ་བཅས་བྱ་དགོས། མི་དམངས་མང་ཚོགས་ཀྱི་གསར་གཏོད་ནུས་པར་བརྩི་འཇོག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཁྲོད་ནས་དཔལ་འབྱོར་དམིགས་བསལ་ཁུལ་གོང་འཕེལ་གྱི་གསར་གཏོད་གསར་སྐྲུན་བྱེད་པའི་གསོན་ཤུགས་བསྡུ་ལེན་ཟམ་མི་ཆད་པར་བྱ་དགོས།  དྲུག་ནས་བྱ་སྤྱོད་ཧུར་ཐག་སྤེལ་བ་བརྒྱུད། ཡུའེ་ཀང་ཨའོ་ཁུག་པ་ཆེན་མོ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཡུའེ་ཀང་ཨའོ་ཁུག་པ་ཆེན་མོ་ཁུལ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས། ས་ཁུལ་གསུམ་གྱི་དཔལ་འབྱོར་འཁོར་རྒྱུག་གི་སྒྲིག་སྲོལ་འབྲེལ་མཐུད་དང་། ལམ་སྲོལ་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ཁྲོམ་ར་གཞི་གཅིག་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་བ་བཅས་བྱ་དགོས། ཀང་ཨའོ་ཐའེ་ཡི་སྤུན་ཟླ་དང་ཕྱིར་སྡོད་སྤུན་ཟླས་མ་འཇོག་ལས་སྤེལ་དང་། ཕྱོགས་གཉིས་སྒོ་དབྱེ་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུར་མུ་མཐུད་སྐུལ་ལྕག་དང་སྣེ་ཁྲིད་བྱས་ནས། དཔལ་འབྱོར་དམིགས་བསལ་ཁུལ་གོང་འཕེལ་གཏོང་བའི་བརྒྱུད་རིམ་ཁྲོད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་ཡོད། 
        ཞི་ཅིན་ཕིང་གིས། མེ་ཏོག་སྣ་གཅིག་བཞད་ན་དཔྱིད་ཀ་མིན། མེ་ཏོག་སྣ་བརྒྱ་བཞད་པས་དཔྱིད་གཞུང་མཛེས་ཞེས་པའི་དཔེ་ལྟར། ང་ཚོས་བློ་བརྟན་འགྱུར་མེད་ངང་གཉིས་ཕན་མཉམ་རྒྱལ་གྱི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་བ་དང་། གཅིག་ནས་འཛམ་གླིང་ཧྲིལ་པོ་ནས་གོང་འཕེལ་གྱི་སྒུལ་ཤུགས་བསྡུ་ལེན་བྱེད་པ་དང་། གཉིས་ནས་ཀྲུང་གོའི་གོང་འཕེལ་གྱིས་འཛམ་གླིང་ལ་ཕན་བདེ་སྔར་བས་ལེགས་པ་བསྐྲུན་དགོས། དཔལ་འབྱོར་དམིགས་བསལ་ཁུལ་བསྐྲུན་ནས་ལོ་ངོ40འཁོར་བའི་ལག་ལེན་དེ་འཛམ་གླིང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་མཉམ་ཞུགས་བྱས་པ་དང་ཁ་བྲལ་ཐབས་མེད་ལ། དེས་རྒྱལ་ཁབ་ཁག་ལ་ཡངས་ཤིང་རྒྱ་ཆེ་བའི་གོང་འཕེལ་གྱི་བར་ཁམས་གསར་གཏོད་དང་། གོང་འཕེལ་གྱི་ཁེ་ཕན་ཡང་མཉམ་སྤྱོད་ཞུས་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྲུང་གོའི་དཔལ་འབྱོར་དམིགས་བསལ་ཁུལ་གྱི་བསྒྱུར་བཅོས་སྒོ་དབྱེའི་གོང་འཕེལ་ཁྲོད་ཞུགས་ནས། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད། མཉམ་རྒྱལ་བཅས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་གསུངས་གནང་ཡོད།
        ཞི་ཅིན་ཕིང་གིས། དཔལ་འབྱོར་དམིགས་བསལ་ཁུལ་དེ་ཉིད་བསྒྱུར་བཅོས་སྒོ་དབྱེའི་མདུན་གྲལ་དུ་གནས་པས། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱེད་པ་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་བླང་བྱ་སྔར་བས་མཐོ་བ་བཏོན་ཡོད། དུས་རབས་གསར་པའི་ཏང་འཛུགས་སྐྱོང་བྱེད་པའི་སྤྱིའི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། བསྒྱུར་བཅོས་གསར་གཏོད་བྱེད་པའི་སྙིང་སྟོབས་ཀྱི་ཐོག་ནས་ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་སྔོན་སྐྱེད་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པས་ཕུགས་བསམ་དད་སེམས་བརྟན་པོ་འཛུགས་པ་དང་། ཤེས་བྱའི་འདུ་ཤེས་གསར་སྒྱུར་བྱེད་པ། ཉམས་སད་ཐེག་ཐུབ་པའི་འཇོན་ནུས་ཁོང་དུ་ཆུད་པ་བཅས་བྱས་ནས། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་གནས་བབ་ཧྲིལ་པོའི་ཐོག་ནས་གནད་དོན་ལ་བསམ་གཞིགས་བྱེད་པ་དང་ལས་དོན་བསྒྲུབ་དགོས། ཏང་ཡོན་དང་ལས་བྱེད་པས་ལས་དོན་སྒྲུབ་པ་དང་བྱ་གཞག་གསར་གཏོད་བྱེད་པའི་སྤྲོ་ངར་སྐུལ་སྤེལ་བྱེད་དགོས། རྒྱུན་སྲིང་ལྷོད་མེད་དང་སྲོལ་བཟང་སྒྲིག་ནན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ཆད་གཅོད་བྱེད་པ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱིས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་ཁོར་ཡུག་ཅིག་གཏོད་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཁྱོན་ཡོངས་ནས་གོང་འཕེལ་ཕྱིན་པའི་སྤྱི་ཚོགས་རིང་ལུགས་ཤིག་རེད། དཔལ་འབྱོར་དམིགས་བསལ་ཁུལ་གྱིས་ཕྱོགས་གཉིས་ཀར་དམ་འཛིན་དང་། ཕྱོགས་གཉིས་ཀ་ཡག་པ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དངོས་པོའི་དཔལ་ཡོན་འཛུགས་སྐྲུན་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཐད་ཕུལ་བྱུང་གི་རྒྱུགས་ལན་འབུལ་དགོས། ཕུགས་བསམ་དང་དད་སེམས་ཐད་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་བ། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་གྱུར་བའི་མི་རིགས་ཀྱི་སྙིང་སྟོབས་དང་། བསྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་གྱུར་བའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། གདོང་མཆོང་བྱེད་ཕོད་པ་དང་། ཚོད་ལྟ་བྱེད་ཕོད་པ། གཞན་གྱི་སྔོན་ལ་བྱེད་ཕོད་པ། དཀའ་སྤྱད་སྙིང་རུས་ཐུབ་པ་བཅས་ཀྱི་དམིགས་བསལ་ཁུལ་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ། རྒྱ་ཆེའི་ལས་བྱེད་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་བློ་སྤོབས་དང་། རིགས་པའི་གཞུང་ལུགས་ཀྱི་བློ་སྤོབས། ལམ་ལུགས་ཀྱི་བློ་སྤོབས། རིག་གནས་ཀྱི་བློ་སྤོབས་བཅས་བརྟན་དུ་གཏོང་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གྱི་གསར་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་ནས་མི་དམངས་ཀྱི་ཤེས་དཔལ་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།
        ཚོགས་ཆེན་ཐོག ཧྲེན་ཀྲེན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཝུའེ་ཀྲུང་དང་། ཡན་ཞང་མཐོ་གསར་ཚན་རྩལ་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིའི་ལས་འཛིན་པའི་ཅུད་ཀྱི་ཀྲུའུ་ཞི་ཁྲེན་ཀྲི་ལེ། ཀྲུང་གོ་འཛུགས་སྐྲུན་ཚན་རྩལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་ཧྭ་ལྷོའི་ཁུལ་ཆེན་གྱི་སྤྱི་ཁྱབ་བཟོ་བཀོད་པ་ལུའུ་ཅན་ཤིན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཡོད། 
        ལི་ཞི་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་ཡོད། ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཁྲེན་ཞི། ཧོང་ཁུན་མིང་། ཝང་ཏུང་མིང་། ཏུང་ཅན་ཧྭ། ཧོ་ཧོའུ་ཧྭ། ལེང་ཀྲེན་དབྱིང་། ཞ་པའོ་ལུང་། ཧོ་ལི་ཧྥེང་། མེའོ་ཧྭ་བཅས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
        ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་ཡུའེ་ཨེ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཀོང་ཏུང་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཧྲེན་ཀྲེན་དང་། ཀྲུའུ་ཧའེ། ཧྲན་ཐོའུ། ཤ་མོན། ཧའེ་ནན་བཅས་དཔལ་འབྱོར་དམིགས་བསལ་ཁུལ་དང་། ཕུའུ་ཏུང་། པིན་ཧའེ། ཞུང་ཨན་བཅས་ས་ཁུལ་གསར་པའི་འགན་འཁུར་བློ་མཐུན་གཙོ་བོ། ཧྲེན་ཀྲེན་གྱི་ཁ་གཏད་རོགས་སྐྱོར་དང་རོགས་ལས་རོགས་སྐྱོར་ས་ཁུལ་གྱི་འགན་འཁུར་བློ་མཐུན་གཙོ་བོ། ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་མི་སྣའི་འཐུས་མི། ཕྱི་རྒྱལ་སྐུ་མགྲོན་གྱི་འཐུས་མི། ཧྲེན་ཀྲེན་ལས་རིགས་ཁག་གི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
        དེ་ཉིན་ཕྱི་དྲོ། ཞི་ཅིན་ཕིང་ལན་ཧྭ་རི་བོའི་སྤྱི་གླིང་དུ་ཕེབས་ནས་བློ་མཐུན་ཏེང་ཞའོ་ཕིང་གི་ཟངས་ཀྱི་སྐུ་བརྙན་ལ་མེ་ཏོག་སི་ར་ཕུལ་ཡོད། ཞི་ཅིན་ཕིང་གིས་དལ་པོའི་ངང་ཟངས་སྐུའི་རྨང་སྟེགས་ཐོག་ཕེབས་ནས་མེ་ཏོག་སི་རའི་སྟེང་གི་དར་སྐུད་དམར་པོ་ལེགས་སྒྲིག་ཡག་པོ་གནང་བ་དང་། ཚང་མ་དང་མཉམ་དུ་ཟངས་ཀྱི་སྐུ་བརྙན་ལ་གུས་འདུད་ཐེངས་གསུམ་ཞུས་ནས། བློ་མཐུན་ཏེང་ཞའོ་ཕིང་ལ་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་དྲན་གསོ་ཞུས་གནང་ཡོད། 
ཞི་ཅིན་ཕིང་སོགས་ཀྱིས་ད་དུང་། སྔོན་ལ་སྒྲུབ་པ་དང་སྔོན་ལ་ཚོད་ལྟ་བྱེད་པ་ནས་སྔོན་ལ་དཔེ་སྟོན་བྱེད་པའི་བར་ཏེ། ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་འགྲེམས་སྟོན་ལའང་གཟིགས་སྐོར་གནང་བ་དང་། རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་མཁན་འཐུས་མི་ཁག་གཅིག་དང་བྱམས་བརྩེའི་ཐུག་འཕྲད་གནང་བ་མ་ཟད་ཚང་མ་དང་དྲན་རྟེན་སྐུ་པར་ཡང་བསྐྱོན་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1