ཁྱུང་མཆུ་རྫོང་གིས་སྟོན་དགུན་གྱི་གསར་བྱུང་གློ་ནད་སྔོན་འགོག་སྐོར་གྱི་འཕྲལ་བསྟུན་མྱུར་སྐྱོབ་སྦྱོང་བརྡར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 10-19


        

        དུས་ཚིགས་མི་འདྲ་བའི་དྲོད་གྲང་དང་བསྟུན་ཏེ་སྟོན་དུས་དང་དགུན་དུས་ཀྱི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་སྲོག་སྐྱོབ་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། རྫོང་སྨན་ཁང་གིས་འཕྲལ་སྡོམ་སྔོན་ཇུས་ཀྱི་ཚན་རིག་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལ་ཞིབ་བཤེར་བྱས་ནས་ཐོལ་བྱུང་དོན་རྐྱེན་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་པར་འགན་ལེན་བྱས། ཉེ་ལམ། ཁྱུང་མཆུ་རྫོང་སྨན་ཁང་གིས་དངོས་སུ་འགུལ་སྐྱོད་བྱས་ཏེ། སྟོན་དགུན་གྱི་གསར་བྱུང་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་ལ་ངེས་པ་དོན་གྱིས་སྦྱོང་བརྡར་བྱས་པ་དང་། རྫོང་འཕྲོད་བསྟེན་བདེ་ཐང་ཅུས་དང་། རྫོང་སྨན་ཁང་། བོད་སྨན་ཁང་། རིམས་ནད་ཚོད་འཛིན་ལྟེ་གནས། འཆར་ལྡན་བུ་སྐྱེས་ལྟེ་གནས། འཕྲོད་བསྟེན་ཁང་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཆེན།གྲོང་གསེབ་འཕྲོད་བསྟེན་ཁང་སོ་སོའི་འཕྲོད་བསྟེན་ལས་སྒྲུབ་པ130ལྷག་ལྟ་སྦྱོང་ལ་ཞུགས་ཡོད་པ་རེད། 


        སྦྱོང་བརྡར་སྐབས་སུ། ཐོག་མར་མི་སྒེར་གྱིས་རང་སྐྱོབ་འགོག་སྲུང་ཁྲོད་ལག་ཤུབས་དང་། ཁ་ཐུམ། གྱོན་ཆས་གྱོན་སྟངས་སོགས་གཙོ་བྱས་པའི་མཁོ་སྤྱོད་དངོས་རྫས་གཞན་དག་ལས་འགོས་ནད་འགོག་སྲུང་བྱེད་པའི་གོ་རིམ་དཔེ་སྟོན་བྱས་པར་མ་ཟད། གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐུབ་པའི་ལུས་ཕུང་གི་དབང་བོ་དང་ལྷུ་ཚིགས་རེ་རེ་ནས་གསལ་བཤད་ཁྲིད་སྟོན་བྱས་ཤིང་དོན་དངོས་དང་ཟུང་འབྲེལ་གྱིས་སྨན་བཅོས་གསོ་བ་རིག་པར་ཟུར་ལྟ་དཔྱད་ཞིབ་ས་ཚིགས་བཙུགས་པ་དང་། དེས་གཞུང་ལུགས་ནས་ནད་དཔེ་ཤེས་རྟོགས་དང་། ལུང་འདྲེན་པ། ཡུལ་དངོས་ནས་སྨན་བཅོས་བྱེད་པ། ནད་རྟགས་ཡར་ཞུ་བྱེད་པ་བཅས་སྔར་ཡོད་ཀྱི་རིག་གཞུང་དཔེ་མཚོན་རི་མོ་བཀྲམས་ནས་ནད་དཔེ་མཆེད་ནད་རིག་པའི་བརྟག་དཔྱད་དང་དུས་ཐོག་ཏུ་གོང་ཞུ་བྱས་པའི་ནད་དཔེ།ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་དངོས་དཔེ་འཚོལ་བསྡུ། འབྲེལ་འདྲིས་དམ་ཟབ་བྱེད་མཁན་གྲལ་བཤེར།རྗེས་འདེད་དང་དོ་དམ་སོགས་ཀྱི་གལ་ཆེན་རང་བཞིན་དང་དོ་སྣང་བྱེད་དགོས་པའི་སྐོར་གྱི་སློབ་ཚན་ནང་དོན་རྒྱུས་ཤིང་ཞིབ་པ་ཁྲིད།

      སྦྱོང་བརྡར་གྱི་བརྒྱུད་རིམ་ཧྲིལ་པོ་གཟབ་ནན་ཡིན་ལ། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པ་ཞིག་ཡིན་པ་དང་སྦྱོང་བརྡར་ལ་ཞུགས་མཁན་རྣམས་ཀྱིས་རང་འགན་རང་འཁུར་དང་། ཕན་ཚུན་བར་མཉམ་འབྲེལ་ཐུབ་པ། སྨན་བཅོས་ལས་སྒྲུབ་པའི་སྐབས་ཐོག་རིག་ལམ་མྱུར་བ། གནད་དོན་ཐག་གཅོད་འོས་འཚམ་ཐུབ་པ་བཅས་ཀྱི་སྦྱོང་བརྡར་དམིགས་ཡུལ་ལེགས་པོ་འགྲུབ་ཐུབ་པ་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1