དཔུང་སྡེ་ནས་ས་གནས་བར་གྱི་འབྲེལ་བའི་འགག་ལམ་བཤངས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-20



དཀར་མཛེས་ཁུལ་གྱིས་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ནུས་རྩལ་སྦྱོང་བརྡར་བྱས།

དཔུང་སྡེ་ནས་ས་གནས་བར་གྱི་འབྲེལ་བའི་འགག་ལམ་བཤངས།

པར་འདི་ནི་གསོ་སྦྱོང་བྱེད་སའི་ཡུལ་དངོས་རེད།

སྔར་ལས་ལྷག་པར་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་ཞུགས་དང་ལས་སྐྲུན་གྱི་ནུས་པ་ཇེ་དྲག་ཏུ་བཏང་ནས། དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་ཞུགས་བརྟན་པོ་དང་ལས་སྐྲུན་བྱེད་ཐུབ་པར་སྐུལ་འདེད་གཏོང་ཞིང་། རང་བདག་གི་སྒོ་ནས་ལས་ཞུགས་ཀྱི་ཐབས་ལམ་རྒྱ་སྐྱེད་གཏང་ཆེད། ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་དོན་ཅུས་ཀྱིས་གྲ་སྒྲིག་ཞིབ་ཚགས་བྱས་པར་བརྒྱུད། སྤྱི་ཟླ10པའི་ཚེས10ཉིན་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིརC1ཁ་ལོ་བའི་ནུས་རྩལ་གསོ་སྦྱོང་སྐབས་དང་པོ་དེ་ཁྲེང་ཏུའུ་ལ་སྤེལ་མགོ་བཙུགས་པ་རེད།

ཐེངས་འདིའི་གསོ་སྦྱོང་ནི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་ལས་ཞུགས་བརྟན་པོ་ཡོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རྒྱ་ཆེ་བའི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིར་ཕན་ཐོགས་པའི་དམངས་འཚོའི་ལས་གཞི་ཞིག་ཀྱང་ཡིན། རང་ཁུལ་གྱིས་ཁྲེང་ཏུའུ་ལ2018ལོ་དང2019ལོའི་རང་བདག་ལས་ཞུགས་བྱེད་པའི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའིC1ཁ་ལོ་བའི་ནུས་རྩལ་གསོ་སྦྱོང་འཛིན་གྲྭ་དང་པོ་བཙུགས་པ་ནི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་དམག་དོན་གྱི་ནུས་རྩལ་དེ་ལས་ཞུགས་ཀྱི་འཇོན་ནུས་སུ་བསྒྱུར་རོགས་བྱེད་པའི་དོན་དངོས་ཀྱི་བྱེད་ཐབས་ཤིག་ཡིན། ཁུལ་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་དོན་ཅུས་ཀྱིས་ཆེད་གཉེར་ཁ་ལོ་བའི་ལག་རྩལ་སློབ་གྲྭ་དང་ཐུན་མོང་གི་ངོས་འཛིན་བྱུང་ནས། ནང་ལོགས་ས་ཁུལ་གྱི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལ་བརྟེན་པ་དང་མི་སྤྱོད་ཀྱི་དགོས་མཁོ་དངོས་དང་བསྟུན་ནས་གསོ་སྦྱོང་བྱེད་ཕྱོགས་ལེགས་སྒྲིག་བྱས་པ་དང་། ནུས་རྩལ་དང་ལས་ཞུགས་ཀྱི་གསོ་སྦྱོང་བྱས་ཏེ་ལས་ཞུགས་ཞབས་ཞུ་དང་ལས་སྐྲུན་ཁྲིད་སྟོན་བྱ་རྒྱུ་ཇེ་དྲག་ཏུ་བཏང་ནས། དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིར་ལག་རྩལ་སྣ་གཅིག་ཡོད་པའི་ཆེད་གཉེས་ཤེས་ལྡན་མི་སྣར་གསོ་སྐྱོང་བྱས་པ་རེད།

ཁུལ་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་དོན་ཅུས་ཀྱི་འགན་ཁུར་མི་སྣས་རྒྱ་ཆེ་བའི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིས་ཚད་དཔོག་གཏན་འཁེལ་དང་། གོ་སྐབས་དམ་འཛིན། སློབ་སྦྱོང་ཤུགས་ཆེན། འཇོན་ནུས་སྦྱོང་བརྡར་སོགས་བྱས་ཏེ་ཁུལ་དང་གྲོང་ཁྱེར་གྱི་འཛུགས་སྐྲུན་ལས་ཀ་སྣ་ཚོགས་ལ་བྱས་རྗེས་གཞག་དགོས་པ་རེད་ཅེས་བཤད།

དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་ཚོས་མགྲིན་གཅིག་ཏུ་ཐེངས་འདིའི་གསོ་སྦྱོང་ལས་དུས་ཐོག་ཏུ་ད་ཆའི་ལས་ཞུགས་ཀྱི་དགོས་མཁོ་དང་ལས་རིགས་ནུས་རྩལ་སྦྱོང་བརྡར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་རྟོགས་ཐུབ་པ་དང་། ང་ཚོ་ཕ་ཡུལ་དུ་ཕྱིར་ལོག་རྗེས་ལས་ཞུགས་ལས་སྐྲུན་གྱི་གོ་སྐབས་ཡག་པོ་ཞིག་སྤྲད་བྱུང་བས། ང་ཚོས་དམག་མིའི་སྲོལ་རྒྱུན་བཟང་པོ་དང་གོམས་གཤིས་བཟང་པོ་དེ་ས་གནས་ལ་ཁྱེར་ཐུབ་པ་བྱས་ཏེ་མགྱོགས་མྱུར་ངང་ལས་ཞུགས་ལས་སྐྲུན་གྱི་དམིགས་ཡུལ་མངོན་འགྱུར་ཡོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1