༄༅།།སྟོད་སྒུར་ལུང་པའི་དགྲ་ཟེར་བ་ལྟར། སྐུ་ཉིད་ལ་གཟུཊ་བྱད་དགོས་འདོད་ན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་ཉིན་ཚགས། སྤེལ་དུས། 10-20



       སྟོད་སྒུར་སྒུར་ཡིན་ཚེ། བལྟས་པ་ཙམ་གྱིས་གྲུང་ཤ་དོད་པོ་མེད་ཅིང་། མདོག་ཀྱང་ཉེས་པོ་ཡོད། འོན་ཏེ་མི་ཁག་གཅིག་གིས་རྣམ་ཀུན་ནས་དོ་སྣང་མ་བྱས་སྟབས། ཕྱིས་སུ་སྟོད་སྒུར་སྒུར་ཆགས་ནས་འགྱོད་པ་སྐྱེས་ཀྱང་མཐའ་མའི་ལས་ཟེར་བ་ལྟར་ཕྱི་དྲགས་སྲིད། 


       འོ་ན། མི་ཁག་གཅིག་སྟོད་སྒུར་སྒུར་དུ་ཇི་ལྟར་གྱུར་བ་ཡིན་ནམ། 
       མི་མང་པོ་ཞིག་དང་ཐོག་མ་ནས་མགོ་བོ་སྒུར་སྒུར་མིན་ལ་སྟོད་ཀྱང་དེ་བས་སྒུར་སྒུར་མིན་མོད། འོན་ཏེ། རིམ་བཞིན་སྟོད་སྒུར་སྒུར་ཆགས་ཀྱི་ཡོད། 
       རྒྱུ་མཚན་གང་ཡིན་ཞེ་ན། དེ་ནི་སྒལ་པ་དང་། བྲང་ཁོག དེ་བཞིན་མཇིང་པ་སོགས་ཀྱི་ཤ་གནད་འགུལ་སྐྱོད་ཉུང་བ་ལས་བྱུང་བ་ཞིག་རེད།


       གོམས་གཤིས་འདིས་གཟུགས་བྱད་ལ་སྐྱོན་ཆེན་པོ་རྒྱག་པ་ཕུད། ད་དུང་མཇིང་ཚིགས་ལ་གནོན་ཤུགས་ཆེན་པོ་སྦྱིན་ཞིང་། ཡུན་རིང་པོ་སོང་ཚེ་སྐེད་པ་དང་མཇིང་པར་ན་ཚ་སླེབས་སྲིད། 

       རྒྱུན་གཏན་གྱི་གོམས་གཤིས་དེ་ཚོས། སྟོད་སྒུར་ཆགས་ཚད་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་ངེས་པ། དཔེར་ན། 
       1.མགོ་སྒུར་སྒུར་བྱས་ནས་ཁ་པར་རྒྱུན་རིང་པོ་ལྟ་བ།
       2.གློག་ཀླད་སྤྱོད་སྟངས་མི་འགྲིག་པ། 
       3.ཡུན་རིང་སྒུར་སྒུར་བྱས་ནས་སྡོད་པ། 
       4.སྒལ་ཚིགས་འགུལ་སྐྱོད་ཉུང་དྲགས་པ། 
       5.སྔས་མགོ་མཐོ་དྲགས་པ། 

       གལ་ཏེ་ཁྱེད་རང་ལྷན་སྐྱེས་ནས་སྟོད་སྒུར་སྒུར་མིན་ན། ཐབས་འདི་སྤྱད་ཚེ་སྲོང་ཐུབ་ཀྱི་ཡོད། 
       རྒྱུན་དུ་སྦོ་དགྱེ་དགྱེ་དམ། མཇིང་པ་འདྲོང་པོ་སོགས་བྱེད་དགོས་ལ། ད་དུང་མཇིང་པ་དང་། དཔུང་པ། སྒལ་པ་བཅས་མང་ཙམ་འགུལ་སྐྱོད་བྱེད་དགོས། 
       གཤམ་གྱི་འགུལ་རིས་གསུམ་པོས་ཁྱེད་ལ་མདའ་ལྟར་འདྲོང་བའི་གཟུགས་པོ་ཞིག་སྦྱིན་ངེས།
       འགུལ་སྟངས་དང་པོ། ང་ལ་གང་ཡང་མེད་ཟེར་བའི་བཟོ་ལྟ།

       ང་ལ་གང་ཡང་མེད་ཟེར་བའི་བཟོ་ལྟ་འདི་སྟོན་སྐབས། དང་ཐོག འཕོངས་ཤ་དང་གཟུགས་པོ་ཡོངས་བསྡུ་དགོས་པ་དང་། དེ་རྗེས། ལག་གཉིས་ཀྱི་ཤུགས་ལ་བརྟེན་ནས་ཕྱིར་དལ་གྱིས་རྐྱོང་དགོས། དེའི་སྐབས། སྒལ་པའི་ཤ་གནད་རིམ་གྱིས་ལྷོད་དུ་འགྲོ་སྲིད། 
       འགུལ་སྟངས་འདི་ཉིན་ལྟར་ཐེངས་15ནས་20བར་རྩེ་དགོས་ཤིང་། དོ་སྣང་བྱེད་དགོས་པ་ཞིག་ལ་འཕོངས་ཤ་ངེས་པར་དུ་བསྡུ་དགོས། ལུས་སྦྱོང་བྱེད་སྟངས་འདིས་གཟུགས་བྱད་ཡག་ཏུ་གཏོང་ཐུབ་པ་མ་ཟད། དཔུང་པའི་ངལ་བ་སེལ་ཐུབ།
       འགུལ་སྟངས་གཉིས་པ།  བྲང་ཤ་ལྷོད་ལྷོད་བྱེད་པ། 

       སྔོན་ལ་ལག་ཟུང་རྒྱབ་ལ་སྐྱེལ་བ་དང་། དེ་ནས་སྨད་ལ་རིམ་གྱིས་ཤུགས་རྒྱག་པ་དང་སྦྲགས། བྲག་ཁོག་མདུན་ལ་ལྡིར་ལྡིར་བྱེད་དགོས། 
       དེའི་སྐབས། ཁྱེད་ལ་བྲག་ཁོག་དང་། དཔུང་པ། མཇིང་པ་བཅས་ཀྱི་ཤ་གནད་འཐེན་པའི་ཚོར་སྣང་ཞིག་སྦྱིན་ཞིང་། དེ་དང་དུས་མཚུངས། དབུགས་འབྱིན་རྔུབ་ཐེངས་5བྱས་ནས། ཡར་བསྐྱར་ཐེངས་གཅིག་བརྩེས་ན་ཕན་ནུས་དེ་ལས་ཆེ་བ་ཡོད། 
       འགུལ་སྟངས་འདི་ཉིན་ལྟར་ཐེངས་8ནས་10པར་བརྩེས་ཚེ་ལུས་སེམས་གཉིས་ཀ་ལྷོད་དུ་འགྲོ་བ་མ་ཟད། ཉིན་གཅིག་གི་ངལ་དུབ་ཀྱང་དེ་མ་ཉིད་དུ་སེལ་བའི་ནུས་པ་ཐོན་གྱི་ཡོད། 
       འགུལ་སྟངས་གསུམ་པ། གཟུགས་པོ་གྱང་ལ་སྦྱར་བ། 

       འགུལ་སྟངས་འདི་དཀའ་ལས་ཁག་ཤོས་ཡིན་མོན། ཡིན་ནའང་། འདིས་ཁྱེད་ཀྱི་གཟུགས་པོ་སྲོང་ཐུབ་ལ། གཟུགས་བྱད་ཀྱང་ཡག་ཏུ་འགྲོ་ཡི་ཡོད། 
       དང་ཐོག གཟུགས་པོ་གྱང་ལ་སྦྱར་རྗེས། རྐང་མཐིལ་དང་། འཕོངས་ཤ སྒལ་པ། ལྟག་ཁུང་བཅས་གྱང་ལ་སྦྱར་བ་དང་དུས་མཚུངས། མགོ་བཀྱག་པའི་བཟོ་ལྟ་དལ་གྱིས་སྟོན་དགོས། 
       འགུལ་སྟངས་འདི་ཉིན་ལྟར་ཐེངས་15ནས་20བར་རྩེ་དགོས་ཤིང་། དོ་སྣང་བྱེད་དགོས་པ་ཞིག་ལ་བཟོ་ལྟ་འདི་སྟོན་སྐབས། ལག་ཟུང་ངེས་པར་དུ་གྱང་ལ་སྦྱོར་དགོས། འདིས་གཟུགས་པོ་འདྲོང་པོ་ཆགས་ཐུབ་པ་མ་ཟད། སྟོད་སྒུར་རྦད་དེ་སྲོང་ཐུབ། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1