གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༠ཚེས་༢༢ཉིན།

ཞི་ཅིན་ཕིང་གིས“ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ལ་གཟིགས་སྐོར་གནང་།



ཟླ་10ཚེས་19ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྱིས་ཀྲུང་གོ་མི་དམངས་ཀྱི་གསར་བརྗེའི་དམག་དོན་རྟེན་རྫས་བཤམས་མཛོད་ཁང་དུ“རླབས་ཆེན་རྒྱལ་ཁ་བློ་ལ་བརྟན་པོར་ངེས། ཞི་བདེ་དྲང་བདེན་གཉིས་ལ་སྲུང་སྐྱོང་བྱེད། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ལ་གཟིགས་སྐོར་གནང་བ། 
    དུས་རབས་གསར་པར་ཨ་འགོག་ཁྲའོ་རོགས་ཀྱི་རླབས་ཆེན་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་འབད་འཐབ་བྱེད་དགོས།
ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཀྱིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་70འཁོར་བའི་དུས་ཏེ། ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཀྲུང་གོ་མི་དམངས་ཀྱི་གསར་བརྗེའི་དམག་དོན་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས། “རླབས་ཆེན་རྒྱལ་ཁ་བློ་ལ་བརྟན་པོར་ངེས། ཞི་བདེ་དྲང་བདེན་གཉིས་ལ་སྲུང་སྐྱོང་བྱེད། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ལ་གཟིགས་སྐོར་གནང་བ་རེད། ཁོང་གིས་ལོ་70ཡི་གོང་དུ་ཞི་བདེ་སྲུང་སྐྱོང་དང་བཙན་འཛུལ་ལ་འགོག་རྒོལ་བྱེད་ཆེད། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་བློ་ཐག་ཆོད་པོས་ཨ་འགོག་ཁྲའོ་རོགས་བྱ་རྒྱུ་དང་ཁྱིམ་སྲུང་རྒྱལ་སྐྱོབ་བྱ་རྒྱུའི་ལོ་རྒྱུས་རང་བཞིན་གྱི་ཇུས་ཐག་བཅད་ཅིང་། དཔའ་བོའི་ཀྲུང་གོ་མི་དམངས་དང་བླངས་དམག་གིས་དྲང་བདེན་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཁྲའོ་ཞན་གྱི་མི་དམངས་དང་དམག་དཔུང་དང་མཉམ་དུ་རང་སྲོག་བློས་གཏོང་བར་མི་འཛེམ་པར་ཁྲག་འདོན་དམར་འཛིང་བྱས་པར། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་རྒྱལ་ཁ་རླབས་ཆེན་ཐོབ་པ་དང་ཆབས་ཅིག འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལའང་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། ཨ་འགོག་ཁྲའོ་རོགས་དམག་འཁྲུག་གི་རྒྱལ་ཁ་ནི་དྲང་བདེན་གྱི་རྒྱལ་ཁ་དང་། ཞི་བདེའི་རྒྱལ་ཁ། མི་དམངས་ཀྱི་རྒྱལ་ཁ་བཅས་རེད། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ནང་གྲུབ་པའི་ཨ་འགོག་ཁྲའོ་རོགས་ཀྱི་རླབས་ཆེན་སྙིང་སྟོབས་ནི་རྩ་ཤིན་ཏུ་ཆེ་བའི་བསམ་པའི་རྒྱུ་ནོར་ཞིག་རེད། དེ་ལས་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་དཀའ་ཉེན་མཐའ་དག་ཁྱད་བསད་བྱ་རྒྱུ་དང་དགྲ་བོ་སྟོབས་ཆེན་ཡོད་ཚད་ཐམས་ཅད་ལས་རྣམ་པར་རྒྱལ་རྒྱུའི་སྐུལ་ལྕག་ཐེབས་ངེས་རེད། ཀྲུང་གོའི་མི་དམངས་དང་བླངས་དམག་གི་དཔའ་བོའི་མཛད་རྗེས་དང་གསར་བརྗེའི་སྙིང་སྟོབས་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་ཡག་པོ་བྱེད་པ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱ་རྒྱུའི་སྐུལ་ལྕག་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཀྱི་བསམ་པ་བརྟན་དུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་འཐབ་ཧུར་ཐག་བྱེད་པ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
    ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཀྱིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།
    ཕྱི་དྲོའི་ཆུ་ཚོད་གསུམ་དང་སྐར་མ་ལྔའི་ཐོག ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཀྲུང་གོ་མི་དམངས་ཀྱི་གསར་བརྗེའི་དམག་དོན་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་ལ་ཕེབས་ནས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། འགྲེམས་སྟོན་དེས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་མི་དམངས། ཀྲུང་གོ་མི་དམངས་དང་བླངས་དམག་བཅས་འགྲེམས་སྟོན་བྱ་གཞི་གཙོ་བོར་བྱས་པ། དམག་འཁྲུག་གི་ནང་དོན་གཙོ་བོར་དམིགས་པ། གཡུལ་སར་དམག་འཐབ་བྱ་ཚུལ་འབུར་དུ་ཐོན་པ་བཅས་བྱས་ཏེ། འགོ་ཚུགས་ཚོམས་ཆེན་དང་། “བདེན་པའི་རྒྱབ་ལངས་ཀྱིས། དམག་གཏོང་ཇུས་ཐག་བཅད”“དགྲ་བོ་ཚར་གཅོད་བཏང་། གཡུལ་ས་བརྟན་པོར་བསྲུངས”“འཐབ་བཞིན་གྲོས་མོལ་བྱས། དཔའ་ངར་ཇེ་ཆེར་སོང”“དམག་འཐབ་བྱེད་མཚམས་བཞག རྒྱལ་ཁའི་ངང་ནས་ལོག”“ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་རླབས་ཆེའི་དོན་སྙིང་དང་ལོ་རྒྱུས་ཀྱི་ལེགས་སྐྱེས” མཇུག་བསྡུའི་གཏམ་བཅས་འགྲེམས་ཁུལ་བདུན་ཇུས་འགོད་ཞིབ་ཚགས་བྱས་པ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ནམ་ཡང་འབད་འཐབ་བྱེད”ཅེས་པའི་ཆེད་དོན་འགྲེམས་སྟོན་བཀོད་སྒྲིག་བྱས་པ། པར་རིས་540ལྷག་ཙམ་དང་། རིག་དངོས་1900ལྷག་ཙམ། དེ་བཞིན་བརྙན་ལམ་འབོར་ཆེན་དང་དངོས་ལྗོངས་སོགས་ཀྱི་ཐོག་ནས་ཇུས་ཐག་གལ་ཆེན་གཅོད་རིམ་དང་། ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན། གཡུལ་འགྱེད་དང་འཐབ་འཛིང་གལ་ཆེན། ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་བཅས་གང་ལེགས་མངོན་པར་བྱས་པ། དེའི་ཞོར་དུ་ཆབ་སྲིད་དང་། དཔལ་འབྱོར། ཕྱི་འབྲེལ་སོགས་ཐད་ཀྱི་འཐབ་རྩོད་ཀྱང་མངོན་པར་བྱས་པ། ཀྲུང་གོ་གུང་ཁྲན་ཏང་གིས་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ལ་འགོ་ཁྲིད་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་རྩ་ཆེའི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་པ། ཨ་འགོག་ཁྲའོ་རོགས་ཀྱི་རླབས་ཆེན་གྱི་སྙིང་སྟོབས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་གསོན་ཉམས་དོད་པོས་མངོན་པར་བྱས་པ། དང་བླངས་དམག་གི་དཔོན་དམག་ཚོའི་དཔའ་ཉམས་དང་དགྲ་བོ་སྟོབས་ཆེན་ལ་མི་སྐྲག་པ་དང་དགྲ་བོ་སྟོབས་ཆེན་ལས་རྣམ་པར་རྒྱལ་བའི་སྙིང་སྟོབས་ཀྱི་ལེགས་ཆ་གཙོ་གནད་ཐོག་མངོན་པར་བྱས་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དགྲ་ལ་མཉམ་སྡང་དང་ཀུན་སེམས་གཅིག་ཏུ་སྒྲིལ་བའི་རྒྱལ་གཅེས་ཀྱི་བསམ་པ་མངོན་པར་བྱས་པ། གཏུམ་སྤྱོད་ལ་མི་སྐྲག་པ་དང་ཞི་བདེ་སྲུང་སྐྱོང་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་ཆོད་སེམས་བརྟན་པོ་མངོན་པར་བྱས་ཡོད།
    དང་བླངས་དམག་གི་དམག་འཐབ་གླུ་གཞས་ཀྱི་རྩ་ཆེའི་ལག་བྲིས་ཡིག་ཆ་དང་། སུང་ཀུའུ་ཧྥུང་རི་བོར་དམག་འཐབ་དྲག་པོ་བྱས་ཚུལ་བསྐྱར་དུ་མངོན་པའི་སྣུམ་ཚོན་རི་མོ། ཁྲང་ཅིན་ཧུའུ་ཡི་དམག་འཐབ་དྲག་པོ་དང་ཧྲན་ཀན་ལིན་གྱི་དམར་འཛིང་སོགས་མཚོན་པའི་བཀོད་ལྗོངས། དམིགས་བསལ་རིམ་པའི་དཔའ་བོ་ཧོང་ཅི་ཀོང་སྐུ་གཤེགས་ཡུལ་ནས་སྔོག་འདོན་ཐུབ་པའི་འབར་མདེལ་བླུག་སྣོད་ལྷག་ཧྲུལ། དེ་བཞིན་དགྲ་ལག་ནས་བླངས་པའི་གོ་མཚོན་སྒྲིག་ཆས། རྒྱལ་ནང་དུ་དམག་དཔུང་དང་དམག་འཐབ་ནང་ཞུགས་ནས་གཡུལ་སར་སྐྱོད་པའི་ཚ་རླབས་འཕྱུར་བའི་ལོ་རྒྱུས་པར་རིས། ཁྲའོ་ཞན་གྱི་དམག་མཚམས་འཇོག་པའི་གྲོས་ཆོད་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་ཡུལ་དུ་སྤྱད་པའི་ཡིག་ཆས། ཁྲའོ་ཞན་མི་དམངས་ཀྱིས་དང་བླངས་དམག་ལ་དགའ་སྐྱེལ་ཞུ་སྐབས་ཕུལ་བའི་ལག་རྟགས། ཨ་འགོག་ཁྲའོ་རོགས་ཀྱི་སྔོན་གཤེགས་དཔའ་བོ་དཔེ་བཟང་གི་མཚན་བཀོད་པའི་ཤེལ་གྱང་ལ་སོགས་པའི་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་རིག་དངོས་དང་། ཞིབ་ཅིང་ཕྲ་བའི་ཚད་ལྡན་ཡིག་ཆ། འགྲེམས་སྟོན་བྱེད་སྟངས་དཔེ་གསར་བཅས་ཀྱིས། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཚོའི་ཐུགས་ཡིད་འཕྲོག་པས་ཁོང་རྣམ་པས་ཕེབས་མཚམས་ཡང་སེ་བཞག་ནས་ཞིབ་ཕྲ་གཟིགས་པ་དང་འགྲེལ་བཤད་ནན་ཏན་ངང་གསན་པ་མ་ཟད། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲའང་གནང་བ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1