གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁྲིམས་གསལ་མེ་ལོང་། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༠ཚེས་༢༣ཉིན།

༄༅།།ཉེན་རྟོག་པས་བྱ་བ་འདིར་དངུལ་སྤྲོད་མི་དགོས་པའི་ཡོངས་བསྒྲགས་བྱས་འདུག


          ཉེ་དུས། རྒྱལ་ཡོངས་ཀྱི་ས་ཆ་མང་པོར་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པར་ཁ་གཡར་ནས་ཁ་བསླུས་རྒྱག་པའི་གྱོད་གཞི་ཐོན་པར་བརྟེན། ཅིན་དབྱང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་སྔོན་བརྡ་བཏང་ནས་དྲན་སྐུལ་བྱས་པར། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐད་གྲོན་དངུལ་གང་ཡང་སྤྲོད་དགོས་ཀྱི་མེད་ཅིང་། ཁ་པར་དང་། འཕྲིན་ཐུང་། དྲ་ཐོག་སོགས་ནས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་མཁན་ཡིན་ཁུལ་གྱིས་རྒྱུ་དངོས་དང་། དངུལ་ཁྲའི་གསང་བའི་ཨང་གྲངས། འཕྲིན་ཐུང་གི་བཤེར་གྲངས་བཅས་རག་ཐབས་བྱེད་པའི་རིགས་མཐའ་དག་ནི་ཁ་བསླུས་རྒྱག་མཁན་གྱི་གཡོ་ཐབས་རེད།

          ཤེས་རྟོགས་བྱུང་བར་གཞིགས་ན། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ནི་ལོ་10རེར་ཐེངས་རེ་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ཐེངས་དྲུག་བྱས་ཟིན་པ་རེད། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ནི་མི་འབོར་གྲངས་བཤེར་ཙམ་མ་ཡིན་པར། མིའི་ལོ་ནའི་གྲུབ་ཚུལ་དང་གནས་ཡུལ་སོགས་ཀྱི་གནས་ཚུལ་བཤེར་གྱི་ཡོད་པས། དེས་སློབ་གསོ་དང་ལས་ཞུགས་སོགས་ཀྱི་སྲིད་ཇུས་འདོན་པ་དང་། འཐུས་སྒོ་ཚང་དུ་གཏོང་བར་གྲངས་གཞིའི་གཞི་ས་མཁོ་འདོན་བྱེད་ཀྱི་ཡོད།  ཡོངས་བཤེར་མི་སྣས་བརྒྱུད་རིམ་གཉིས་ལ་གཞིགས་ནས་ཁྱིམ་དུ་བསྐྱོད་དེ་ལས་དོན་སྒྲུབ་ཀྱི་ཡོད་པ་དེ་ཡང་། སྐད་ཆ་འདྲི་བ་དང་ཐོ་འགོད་ཀྱི་ཡོད། གཞན་ཡང་རང་ཉིད་ཀྱིས་ཐོ་འགོད་ཐབས་བདམས་ནའང་འགྲིག་གི་ཡོད། དེ་ནི་བེད་སྤྱོད་ཐོག་མར་བྱས་པ་ཞིག་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1