སོ་ཏི་ཨ་རབ་ཀྱི་གཞི་གྲངས་དང་མིས་བཟོས་རིག་ནུས་ཅུའུ་ཡིས་ཧྭ་ཝེ་ཀུང་ཟིའི་བར་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 10-26


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་ཀྱི་གཞི་གྲངས་དང་མིས་བཟོས་རིག་ནུས་ཅུའུ་ཡིས་ཚེས་ཉེར་གཉིས་ཉིན་ཀྲུང་གོའི་ཧྭ་ཝེ་ཀུང་ཟིའི་བར་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པ་དང་། མཉམ་དུ་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་མིས་བཟོས་རིག་ནུས་འཕེལ་རྒྱས་འཆར་གཞིར་སྐུལ་འདེད་བཏང་སྟེ། སོ་ཏི་ཨ་རབ་ཀྱིས་གྲངས་ལྡན་གྱི་འཕེལ་སྟངས་མངོན་འགྱུར་བྱེད་པར་རོགས་རམ་བྱེད་རྒྱུ་རེད། 
        སོ་ཏི་ཨ་རབ་ཀྱི་གཞི་གྲངས་དང་མིས་བཟོས་རིག་ནུས་ཅུའུ་ཡིས་ཉིན་དེར་འཛམ་གླིང་ཡོངས་ཀྱི་མིས་བཟོས་རིག་ནུས་ཀྱི་མཐོ་རིམ་ཚོགས་འདུའི་སྟེང་ཧྭ་ཝེའི་བར་རྒྱལ་ཁབ་མིས་བཟོས་རིག་གནས་འཕེལ་རྒྱས་འཆར་གཞིའི་བཟོད་སྒོམ་བརྗེད་ཐོ་བཀོད་པ་དང་། དམིགས་ཡུལ་ནི་ཧྭ་ཝེ་བར་གྱི་མཉམ་ལས་ལ་བརྟེན་ནས། སོ་ཏི་ཨ་རབ་སྲིད་གཞུང་དང་ཁེ་ལས། ཞིབ་འཇུག་ལས་ཁུངས་བཅས་ཀྱིས་མིས་བཟོས་རིག་ནུས་ཁྱབ་ཁོངས་སུ་འོས་ཤིང་འཚམ་པའི་ལག་རྩལ་མཉམ་ལས་གྲོགས་པོ་འཚོལ་ཞིབ་བྱས་ཏེ་འཇོན་མིའི་མཛོད་ཁང་ལ་ཁ་གསབ་བྱེད་པ་དང་། མིས་བཟོས་རིག་ནུས་ཀྱི་བེད་སྤྱོད་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་གསར་བ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཆེད་དུ་རེད། 
        སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་མིས་བཟོས་རིག་ནུས་ལྟེ་གནས་ཀྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཐུའུ་ཝེ་ཅེ་ལི་ཡིས་བསྟན་དོན། སོ་ཏི་ཨ་རབ་དེ་འཕེལ་རྒྱས་སུ་བཏང་ནས་འཛམ་གླིང་ཡོངས་ཀྱི་མདུན་གྲལ་གྱི་གཞི་གྲངས་སྒུལ་ཤུགས་རྣམ་པའི་དཔལ་འབྱོར་ཚོགས་པར་འགྱུར་འདོད་ཡོད། རྒྱལ་ཁབ་ཀྱི་མིས་བཟོས་རིག་ནུས་འཕེལ་རྒྱས་འཆར་གཞི་དང་ཧྭ་ཝེ་བར་གྱི་མཉམ་ལས་ལ་བརྟེན་ནས། སོ་ཏི་ཨ་རབ་ལ་མུ་མཐུད་དུ་ཆེས་མདུན་གྲལ་གྱི་ལག་རྩལ་ཐོབ་ཐུབ་པར་མ་ཟད། ལག་ལེན་བྱེད་ཐབས་ཆེས་བཟང་བོ་སྤྱད་པའི་རྒྱལ་སྤྱིའི་ཉམས་མྱོང་བཟང་བོར་སློབ་སྦྱོང་བྱས་ཀྱང་ཆོག་པ་ཡིན་ཟེར། 
        མིག་སྔར་མིས་བཟོས་རིག་ནུས་དེ་སོ་ཏི་ཨ་རབ་ཀྱི་འཕེལ་རྒྱས་དེ་སྔར་བཞིན་ཐོག་མའི་དུས་རིམ་དུ་གནས་ཡོད། སོ་ཏི་ཨ་རབ་ཀྱི་གཞི་གྲངས་དང་མིས་བཟོས་རིག་ནུས་ཅུའུ་ཡིས་དེའི་སྔོན་ཚོད་དཔག་བྱས་པ་ལྟར་ན། རྒྱལ་ཁབ་དེའི་གཞི་གྲངས་དང་མིས་བཟོས་རིག་ནུས་ཀྱི་དཔལ་འབྱོར་རིན་ཐང་ནི་མེ་སྒོར་ཐེར་འབུམ་བཞི་དང་ཐེར་འབུམ་ལྔ་ཙམ་ཡིན་ཟེར། 
        འཛམ་གླིང་ཡོངས་ཀྱི་མིས་བཟོས་རིག་ནུས་ཀྱི་མཐོ་རིམ་གྲོས་ཚོགས་དེ་སོ་ཏི་ཨ་རབ་ཀྱི་གཞི་གྲངས་དང་མིས་བཟོས་རིག་ནུས་ཅུའུ་ཡིས་ཡིས་གཙོ་སྒྲུབ་བྱས་པ་དང་། བརྙན་རིས་ཀྱི་རྣམ་པས་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གཉིས་ཉིན་སྤེལ་བ་རེད། མཐོ་རིམ་གྲོས་ཚོགས་དེར་ལས་རིགས་ཀྱི་ཆེད་ལས་པ་དང་ཐབས་ཇུས་འདོན་མཁན་མི་ཉིས་བརྒྱ་ལྷག་ཞུགས་ཡོད་པ་དང་། མཉམ་དུ་མིས་བཟོས་རིག་ནུས་ཀྱི་མ་འོངས་པའི་ནུས་པར་འཚོ་ཞིབ་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1