ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་ཕུག་ལམ་རིང་ཤོས་སུ་ལྕགས་ལམ་འདིང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 10-26




འདི་ནི་བཟོ་པ་ཚོས་ལྕགས་ལམ་འདིང་བཞིན་པ།
       ཚེས་19ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པ་ཙམ་ལ། སྒྲོམ་འདིང་འཕྲུལ་ཆས་ཀྱིས་སྨི་25ཟིན་པའི་ལམ་སྒྲོམ་དལ་བུར་འདིང་འགོ་ཚུགས་པ་དེ་ཐོག་ནས་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་ཕུག་ལམ་རིང་ཤོས་རྟ་དཀར་ལའི་ཕུག་ལམ་དུ་ལྕགས་ལམ་དངོས་སུ་གདིང་འགོ་ཚུགས་པ་མཚོན་ཡོད།
       ཤེས་རྟོགས་བྱུང་བར་གཞིགས་ན། རྟ་དཀར་ལའི་ཕུག་ལམ་ཉིང་ཁྲི་གྲོང་ཁྱེར་གྱི་སྣང་རྫོང་ཁོངས་སུ་གནས་ཤིང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་17.234ཟིན་པ་དང་། ཕུག་ལམ་གཅིག་ལ་འགྲོ་འོང་ལམ་ཐིག་གཉིས་ཡོད། དེའི་ས་བབ་མཐོ་ཚད་སྨི་3120ཟིན་གྱི་ཡོད། རྣམ་གྲངས་ཀྱིས་ཨར་ལས་བཟོ་རྩལ་གསར་གཏོད་དང་འཕྲུལ་ཆས་སྒྲིག་ཆས་སྒྱུར་བཀོད་སོགས་ཀྱི་ལག་རྩལ་བྱེད་ཐབས་ལ་བརྟེན་ནས་ལམ་ལྕགས་འདིང་བའི་དུས་ཚོད་ཛ་དྲག་པ་དང་ལས་སྒྲུབ་སྤེལ་མའི་གཞི་ཁྱོན་མང་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་ཀྱིས་ཕུག་ལམ་དུ་ལྕགས་ལམ་ཧྲིལ་པོ་བདེ་བླག་ངང་འདིང་རྒྱུའི་འགན་ལེན་བྱེད་བཞིན་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1