གངས་ལྗོངས་མཁའ་ལམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-26


འགྲིམ་འགྲུལ་ལས་དཀར་མཛེས་ཁུལ་དབུ་བརྙེས་ནས་ལོ་ངོ་70རིང་གི་འཕོ་འགྱུར་ལ་ལྟ་བ།


        ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་གསར་དུ་བཙུགས་པའི་ས་གནས་རིམ་པའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་ཐོག་མ་སྟེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་དེ་རེད། བགྲང་བྱ་70ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་། རྒྱལ་ཁབ་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འོག །སྔོན་ཆད་ཁམས་ཞེས་འབོད་པའི་མཐའ་ཁུལ་གྱི་ས་གནས་དེ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་། ཁྱད་པར་དུ་འགྲིམ་འགྲུལ་གྱི་ཐད་ལ། ཉིན་རེ་ནས་ཉིན་རེ་དང་ཟླ་རེ་ནས་ཟླ་རེར་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་ཅེས་བརྗོད་ཆོག །དེ་ནི་མེད་པ་ནས་ཡོད་པ་དང་ཐབས་ཆག་ནས་སྤུས་དག །གསེར་འོད་ལམ་ལམ་འཚེར་བའི་དར་སྐུད་ཀྱིས་པེ་ཅིན་དང་ཁམས་ཁུལ་གཉིས་གཅིག་ཏུ་སྦྲེལ་ཞིང་། དགུང་སྔོན་དབྱིངས་སུ་མཁའ་ལམ་སྐྲུན། དཔལ་འབྱོར་འཕེལ་རྒྱས་ཕྱིན། མི་རིགས་མཐུན་སྒྲིལ་ཆེ། འཚོ་བ་བདེ་ཞིང་སྐྱིད། སྤྱི་ཚོགས་དར་ཞིང་རྒྱས། བདེ་སྐྱིད་ཀྱི་གླུ་དབྱངས་རྣ་ལ་སྙན།

        ད་ཐེངས་ཀྲུང་གོའི་པར་ལེན་པ་མཐུན་ཚོགས་ཀྱི་ཚོགས་མི། སི་ཁྲོན་ཞིང་ཆེན་པར་ལེན་པ་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ཁུལ་པར་ལེན་པ་མཐུན་ཚོགས་ཀྱི་ལས་འཛིན་པ། དཀར་མཛེས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་མི་ཧུའུ་ཐིང་ཧུའེ་ལགས་ཀྱིས་བགྲང་བྱ་བཅུ་ཕྲག་འགའི་རིང་དཀའ་སྤྱད་འབད་འབུངས་བྱས་ནས་བླངས་པའི་འགྲིམ་འགྲུལ་འཕོ་འགྱུར་དང་འབྲེལ་བའི་འདྲ་པར་བརྩམས་ཆོས་ཁག་ཅིག་བརྒྱུད་དེ། དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་ལས་དོན་དབྱར་མཚོ་ལྟར་རྒྱས་པའི་སྣང་བརྙན་གསོན་པོ་ཞིག་མེ་ལོང་ངོས་སུ་གསལ་བ་བཞིན་བཏོན་ཡོད་ལ། རིན་ཐང་གཞལ་མཐའ་བྲལ་བའི་འདྲ་པར་རྙིང་པ་འདི་དག་བརྒྱུད་ནས་དཀར་མཛེས་ཁུལ་གྱི་བགྲང་བྱ་70རིང་གི་དཀའ་སྤྱད་འབད་བརྩོན་དང་བློ་བརྟན་འགྱུར་མེད། བགྲོད་ལམ་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་མཚོན་ཡོད་པར་མ་ཟད། མཐུན་སྒྲིལ་གྱི་སྟོབས་ཤུགས་དང་རྒྱལ་ཁ་ཡི་སྤྲོ་སྣང་། ཡར་ཐོན་གྱི་འགྲོས་ཚད་ནི་དེ་བས་ཀྱང་མཚོན་ཡོད། འདི་ནི་བརྗིད་ཆགས་ཀྱི་ཏང་ལ་དྲིན་དྲན་དང་རླབས་ཆེན་གྱི་མེས་རྒྱལ་ལ་བསྟོད་གླུ་ཕུལ་བ་ཡིན་ལ། འདི་ནི་འབད་པ་ལྷུར་ལེན་དང་དཔའ་མཛངས་རྟུལ་ཕོད་ཅན་གྱི་ཕ་ས་སྨུག་པོ་ལ་བསྔགས་བརྗོད་ཀྱི་དབྱངས་རྟ་སྒྲོག་པ་རེད། འདི་ལྟར་ཇི་སྲིད་བར་དུ་གངས་ལྗོངས་གཡང་གི་ར་བ་དང་ཁམས་ཀྱི་མཐོ་སྒང་དུ་བསྟོད་དབྱངས་ཀྱི་མེ་ཏོག་ཆར་དུ་བསྙིལ་ལོ། །
        ཁྲོན་བོད་གཞུང་ལམ་ནས་འགོ་བརྩམས་ཏེ་དེང་དུས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འགྲིམ་འགྲུལ་ལ་གནམ་ས་བླ་འོག་བརྗེ་བའི་འཕོ་འགྱུར་བྱུང་ལ། ངོ་མཚར་འབུམ་གྱིས་ཕྱུག་པའི་བགྲོད་ལམ་དེས་བོད་རིགས་མང་ཚོགས་ཀྱི་འཚོ་བ་ལ་འགྱུར་ལྡོག་གང་ལེགས་བཏང་སྟེ། དཀར་མཛེས་ཁུལ་གྱི་ས་གསུམ་གཅིག་ཏུ་སྦྲེལ་བའི་འགྲིམ་འགྲུལ་དྲ་བ་མགྱོགས་མྱུར་ངང་གྲུབ། དཔེར་ན་སྤྱི་ལོ་2017ལོའི་ཟླ་9པའི་ཚེས་26ཉིན། ཁྲོ་ལ་རི་བོའི་ཕུག་ལམ་ལས་རླངས་འཁོར་དངོས་སུ་ཤར་གཏོང་བྱས་ཤིང་། ལོ་ངོ་དུ་མའི་འགྲིམ་འགྲུལ་བཀག་རྡོ་དེ་རྩ་མེད་དུ་བཏང་། གཞན་ཡང་2018ལོའི་ལོ་མཇུག་ཏུ་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དངོས་སུ་ཤར་གཏོང་བྱས་ནས་དཀར་མཛེས་ཁུལ་ལ་མྱུར་བགྲོད་གཞུང་ལམ་མེད་པའི་རྣམ་པ་དེ་ཐལ་བའི་རྡུལ་བཞིན་གཏོར།
        གནམ་ཐང་ནི་མཐོ་སྒང་རི་གྲོང་གི་འགྲིམ་འགྲུལ་གྱི་གདམ་ཀ་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་ཅིང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་མིག་སྔར་གནམ་ཐང་གསུམ་ཡོད་དེ། དར་མདོའི་གནམ་ཐང་དང་འདབ་པའི་ཉི་སྟེང་གནམ་ཐང་། དཀར་མཛེས་གེ་སར་གནམ་ཐང་བཅས་ཡིན། དེ་དག་ནས་ཁྲེང་ཏུའུ་དང་ལྷ་ས་སོགས་རྒྱལ་ནང་གི་ས་གནས་ཁ་ཤས་ལ་བགྲོད་ཐུབ་ཅིང་། སྔར་ཞག་དུས་དང་ལོ་ཟླར་བགྲོད་དགོས་པའི་ས་གནས་སུ་ཆུ་ཚོད་ཁ་ཤས་ཀྱིས་སླེབས་ཐུབ།
        ད་ལྟ་ཚ་ཚ་འུར་འུར་ངང་སྐྲུན་བཞིན་པའི་ཁྲོན་བོད་ལྕགས་ལམ་དེ་དཀར་མཛེས་ཁུལ་གྱི་དར་མདོ་གྲོང་ཁྱེར་གཙོ་བོ་བྱས་པའི་རྫོང་ཁག་ཁ་ཤས་ནས་བརྒྱུད་རྒྱུ་ཡིན་ལ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་འཆར་འགོད་བྱ་རྒྱུ་ནི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ། ཏང་ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་སོགས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། དེ་དང་དུས་མཚུངས་སུ་དཀར་མཛེས་ཁུལ་གྱི་སྲིད་འབྱོར་རིག་གསུམ་ལ་འཕོ་འགྱུར་གསར་པ་ཞིག་ཡོང་རྒྱུ་སྨོས་མ་དགོས་ལ། དཀར་མཛེས་ཁུལ་གྱི་མི་དམངས་ཡོངས་བླ་ན་མེད་པའི་རྫོགས་ལྡན་གྱི་དུས་རབས་ཤིག་ཏུ་གོམ་སྟབས་མྱུར་མོས་སྐྱོད་བཞིན་ཡོད།

གཅིག   རྐང་འོག་གི་ལམ།


        སྤྱིར་འཇིག་རྟེན་དུ་ལམ་མེད་ཀྱང་། ལམ་ནི་མིའི་རིགས་ཀྱིས་རྐང་པས་གསར་དུ་བཏོད་པ་རེད། བགྲང་བྱ་70ཡར་སྔོན་གྱི་དཀར་མཛེས་ས་ཁུལ་ནི་རྦད་དེ་གདོད་མའི་འགྲོ་འདུག་གི་རྣམ་པ་ཡིན་ཞིང་། མི་རྣམས་ཕྱི་ལོགས་སུ་འགྲོ་སྐབས་ལམ་གང་དུ་ཡོད་ཅེས་དྲིས་ཚེ། ལམ་ནི་རང་རང་གི་རྐང་འོག་ན་ཡོད་ཅེས་ལན་འདེབས་དགོས།

        སྤྱི་ལོ་1950ལོར། ཚོན་མདངས་རྣམ་པར་བཀྲ་བའི་སྐར་ལྔའི་དར་དམར་དེ་ས་གནས་དེའི་སྤོ་རུ་བསྒྲེངས་ཤིང་ལྷབ་ལྷུབ་ཏུ་གཡོ་ཡོང་བའི་སྐབས་དང་། མི་དམངས་བཅིངས་འགྲོལ་དམག་བོད་རང་སྐྱོང་ལྗོངས་སུ་བསྐྱོད་ནས་གྲོག་རོང་གི་ལམ་ཕྲན་གཏོར་ཏེ་གཞུང་ལམ་སྐྲུན་པའི་འགད་སྒྲས་བག་ལ་ཉལ་བའི་ས་གནས་དེའི་སྟེང་དུང་སྒྲ་བསྒྲགས་དུས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་དེ་ནས་བཟུང་སྟེ་ལེའུ་གསར་པ་ཞིག་འབྲི་འགོ་བརྩམས།

        མི་དམངས་བཅིངས་འགྲོལ་དམག་གི་དམག་ཤོག་བཅོ་བརྒྱད་པའི་འཐབ་མོ་བ་རྣམས་ཀྱིས་ལག་ཟུང་ལ་བརྟེན་ནས་མཐོ་སྒང་གངས་རིའི་ལྗོངས་ཀྱི་གཞུང་ལམ་ཐོག་མ་དེ་བསྐྲུན་ཞིང་། དེ་ནས་གཞུང་ལམ་མེད་པའི་ཟེར་སྒྲོས་འཇའ་ཡལ་བ་ལྟར་གྱུར་པ་དང་། སྤྱི་ལེ་ངོས་གྲུ་བཞི་མ་ཁྲི་15.3ཡོད་པའི་ས་ཁྱོན་དུ་རྒྱ་བསྐྱེད་ཅིང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་དོན་དེ་ཡར་ངོའི་ཟླ་ལྟར་འཕེལ་ཞིང་གསོན་ཤུགས་རབ་ཏུ་རྒྱས།


གཉིས་པ། ལག་ནང་གི་ལམ།

        སྤྱི་ལོ་1950ལོར། ཚོན་མདངས་རྣམ་པར་བཀྲ་བའི་སྐར་ལྔའི་དར་དམར་དེ་ས་གནས་དེའི་སྤོ་རུ་བསྒྲེངས་ཤིང་ལྷབ་ལྷུབ་ཏུ་གཡོ་ཡོང་བའི་སྐབས་དང་། མི་དམངས་བཅིངས་འགྲོལ་དམག་བོད་རང་སྐྱོང་ལྗོངས་སུ་བསྐྱོད་ནས་གྲོག་རོང་གི་ལམ་ཕྲན་གཏོར་ཏེ་གཞུང་ལམ་སྐྲུན་པའི་འགད་སྒྲས་བག་ལ་ཉལ་བའི་ས་གནས་དེའི་སྟེང་དུང་སྒྲ་བསྒྲགས་དུས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་དེ་ནས་བཟུང་སྟེ་ལེའུ་གསར་པ་ཞིག་འབྲི་འགོ་བརྩམས།

        མི་དམངས་བཅིངས་འགྲོལ་དམག་གི་དམག་ཤོག་བཅོ་བརྒྱད་པའི་འཐབ་མོ་བ་རྣམས་ཀྱིས་ལག་ཟུང་ལ་བརྟེན་ནས་མཐོ་སྒང་གངས་རིའི་ལྗོངས་ཀྱི་གཞུང་ལམ་ཐོག་མ་དེ་བསྐྲུན་ཞིང་། དེ་ནས་གཞུང་ལམ་མེད་པའི་ཟེར་སྒྲོས་འཇའ་ཡལ་བ་ལྟར་གྱུར་པ་དང་། སྤྱི་ལེ་ངོས་གྲུ་བཞི་མ་ཁྲི་15.3ཡོད་པའི་ས་ཁྱོན་དུ་རྒྱ་བསྐྱེད་ཅིང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་དོན་དེ་ཡར་ངོའི་ཟླ་ལྟར་འཕེལ་ཞིང་གསོན་ཤུགས་རབ་ཏུ་རྒྱས།
        བཅོས་བསྒྱུར་སྒོ་འབྱེད་ཀྱིས་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལ་གནམ་འཕང་དགུང་དུ་གཅོད་པའི་གཤོག་ཟུང་བསྩལ་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པས་མུ་ནས་མུ་རུ་མདུན་དུ་སྐྱོད་པའི་དུང་བརྡ་བསྒྲགས་པ་རེད། དེ་ནས་བཟུང་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དེ་ཉིན་ལྟར་འཕེལ་རྒྱས་ཕྱིན་ཞིང་། འོད་སྟོང་རབ་ཏུ་འཚེར་བའི་རྫོགས་ལྡན་གྱི་དུས་རབས་སུ་གོམ་སྟབས་མྱུར་མོས་བསྐྱོད་དོ། །


གསུམ་པ། སེམས་གཏིང་གི་ལམ།


        འཕྲུལ་ཆས་ཟེར་བ་ཁབ་རྩེ་ཙམ་ཡང་མེད་སྐབས་ལམ་བཟོ་བ་རྣམས་ཀྱིས་རང་གི་ལག་ཟུང་ལ་བརྟེན་ནས་གཞུང་ལམ་བསྐྲུན་མྱོང་། དུས་ཡུན་རིང་བའི་མཁའ་ལམ་དེ་ནི་ལམ་བཟོ་དཔའ་བོ་དག་གི་གཟུགས་པོ་དང་ལག་ཟུང་གི་གར་སྟེངས་གྱུར་ཅིང་། ཁོང་རྣམ་པས་གཅིག་རྗེས་གཉིས་མཐུད་སྒོས་མཉམ་དུ་རླབས་ཆེན་གྱི་ལས་གཞི་གསར་དུ་གཏོད་པས། “ལམ་གཉིས་ཀྱི་སྙིང་སྟོབས”ལས“མཁའ་ལམ”ནི་ཁོ་ཚོའི་ཆེས་སྲ་ཞིང་བརྟན་ལ་བརྗིད་ཆགས་ལྡན་པའི་རྡོ་རིང་དུ་གྲུབ།
བཞི་པ། དེང་སྐབས་ཀྱི་ལམ།


        མྱུར་ཚད་དང་བར་ཐག་གིས་བར་སྟོང་དང་དུས་ཚོད་ཀྱི་ཚད་གཞི་བསྒྱུར་བ་རེད། དེང་སྐབས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལ་གནམ་ཐང་གསུམ་དང་མྱུར་བགྲོད་གཞུང་ལམ་གཅིག །གཞུང་ལམ་མ་ལག་མང་པོ་ཡོད་པར་མ་ཟད། གྲོང་ཚོ་དང་གྲོང་སྡེའི་ལམ་བུ་ནི་སྡོམ་དྲ་ལྟར་བགྲང་གིས་མི་ལངས་པས། འགྲིམ་འགྲུལ་གྱི་དཀའ་ཁག་གཏོར་ནས་ཕྱོགས་བཞི་མཚམས་བརྒྱད་ལ་བགྲོད་ལམ་གྱི་དྲ་བས་སྦྲེལ་ཡོད།

ལྔ་པ། མ་འོངས་པའི་ལམ།


        མདུན་ལམ་ལ་སྙེག་པའི་གང་ཟག་གིས་གོམ་པའི་འདེགས་འཇོག་ཡེ་ནས་དལ་མ་མྱོང་ལ། འབྱུང་འགྱུར་ལ་རེ་བས་ཁེངས་ཤིང་། སྨོན་འདུན་དང་ཡིད་ཆེས་ཀྱི་གཏམས་ཡོད་པས། མ་འོངས་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་བགྲོད་ལམ་མཁའ་ལྟར་ཡངས་ཤིང་སྔར་བས་འོད་མདངས་འཚེར་ངེས།

མཇུག་གི་གཏམ། 

        སྔར་འགག་འཕྲང་མང་ཞིང་བགྲོད་ལམ་དོག་པའི་ཁམས་ཁུལ་དུ་དེང་དུས་ཕྱོགས་བཞི་མཚམས་བརྒྱད་དུ་གཞུང་ལམ་གི་དྲ་བས་སྦྲེལ་ཡོད་ལ། འགྲོ་འོང་ལ་བཀག་སྡོམ་བྱེད་མཁན་གང་ཡང་མེད། འགྲིམ་འགྲུལ་ལ་འགྱུར་ལྡོག་བྱུང་བ་དེས་ཕྱི་ཕྱོགས་སུ་སྐྱོད་པའི་འགག་འཕྲང་གཏོར་བས། དཀར་མཛེས་ཁུལ་གྱི་རིགས་སོ་སོའི་མི་དམངས་ལ་བཅིངས་འགྲོལ་ཐེངས་གཉིས་པ་ཐོབ་པ་རེད། ད་ལྟ་ས་གནས་དེར་ཉིན་རེ་བཞིན་རྣམ་པ་གསར་པ་མངོན་ཞིང་གནམ་ས་བླ་འོག་བརྗེ་བའི་འཕོ་འགྱུར་འོག་མ་འོངས་པའི་མདུན་ལྗོངས་ལ་མཛེས་སྡུག་ལྡན་ཞིང་འོད་སྣང་བཀྲ་བཞིན་མཆིས།

  ཆུ་ལ་རོལ་དུས་ཁྲོན་བཟོ་དྲན་པ་ལྟར། བདེ་སྐྱིད་བྱུང་ན་གུང་ཁྲན་ཏང་མི་བརྗེད།
        ང་ཚོས་དཀར་མཛེས་ཁུལ་བཙུགས་ནས་ལོ་ངོ་70འཁོར་བའི་སྐབས་འདིར། གནམ་ས་བླ་འོག་བརྗེ་བའི་འགྲིམ་འགྲུལ་གྱི་འཕོ་འགྱུར་མཚོན་པའི་འདྲ་པར་འདི་དག་བཀོད་ནས། དཀར་མཛེས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་བཀའ་དྲིན་དང་མེས་རྒྱལ་གྱི་རླབས་ཆེན། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས། མི་རིགས་མཐུན་སྒྲིལ་གྱི་བདེ་སྐྱིད་བཅས་བློ་ལ་བརྟན་པོར་ངེས་པར་བྱ་དགོས། དུས་ནམ་ཡང་ཀྲུང་གོའི་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བརྒྱུད་ནས་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་དོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1