གསེར་ཐར་རྫོང་གིས་ཕྱུག་འགྱུར་སྣེ་ཁྲིད་པར་གསོ་སྦྱོང་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-27


        ལས་ཞུགས་དང་ལས་གཏོད་གསར་འབྱེད་ཀྱི་སྤུས་ཚད་མཐོ་རུ་གཏོང་ཞིང་། ཡིག་ཚགས་བྱང་བུ་བཟོས་པའི་སྡེ་བ་དབུལ་པོའི་མང་ཚོགས་དབུལ་པོའི་ལས་ཞུགས་འདུ་ཤེས་འགྱུར་ལྡོག་གཏོང་བ་དང་རང་འགུལ་ངང་ལས་ཞུགས་ལས་གཏོད་དང་ཕྱུག་འགྱུར་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་དེ་བས་ཡག་པོ་བྱ་ཆེད། སྤྱི་ཟླ10པའི་ཚེས15ནས17ཉིན་གྱི་བར། གསེར་ཐར་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་དབུལ་སྐྱོར་ཐོན་འབྱེད་ཅུས་ཀྱིས་རྫོང་ཡོངས་ཀྱི་སྡེ་བ་དབུལ་པོའི་ཕྱུག་འགྱུར་སྣེ་ཁྲིད་པ89སྒྲིག་འཛུགས་བྱས་ནས་རྟའུ་དང་། བྲག་མགོ། དཀར་མཛེས་བཅས་ཀྱི་ཐོན་ལས་དཔེ་སྟོན་རྟེན་གཞིར་སོང་ནས་ལྟ་ཞིབ་སློབ་སྦྱོང་བྱས་པ་རེད།
        དུས་ཡུན་ཉིན་གསུམ་གྱི་རིང་ལ་ལྟ་སྐོར་དང་རྟོག་ཞིབ་བྱེད་པའི་བརྒྱུད་རིམ་ནང་ཤེལ་གྲུབ་ཡུལ་ཚོའི་སྔོ་ཚལ་འདེབས་འཛུགས་བྱེད་སའི་དྲོད་ཁང་གི་རྟེན་གཞི་དང་སྦོ་མདའ་གྲོང་རྡལ་གྱི་རི་ཕག་གསོ་ཚགས་ར་བ། བྲག་མགོ་དང་། དཀར་མཛེས། རྟའུ་བཅས་རྫོང་གི་དེང་རབས་འདེབས་འཛུགས་གསོ་ཚགས་དཔེ་སྟོན་རྟེན་གཞི། ཐོན་ལས་གླིང་ཁུལ་དང་དེ་བཞིན་ཁྱད་ལྡན་ཡུལ་སྐོར་གྲོང་མིའི་སྣེ་ལེན་ས་ཚུགས་བཅས་ཀྱི་སྔོན་ཐོན་དོ་དམ་ཉམས་མྱོང་དང་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱས། སློབ་མ་ཚོས་མགྲིན་གཅིག་ཏུ་ད་ཐེངས་ཀྱི་རྟོག་ཞིབ་སློབ་སྦྱོང་བརྒྱུད་ནས་ལས་གཏོད་ཀྱི་ཤེས་བྱ་ཇེ་ཟབ་ཏུ་ཕྱིན་པར་མ་ཟད། དཀའ་ངལ་ལ་ཁ་གཏད་འཇལ་བའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ནས་ཕྱིར་ལོག་རྗེས་མང་ཚོགས་ཀྱི་ལས་ཞུགས་འདུ་ཤེས་ལ་འགྱུར་ལྡོག་གཏང་རྒྱུར་སྣེ་ཁྲིད་དེ་བས་ལེགས་པ་དང་ལས་ཞུགས་ལས་གཏོད་དང་ཕྱུག་འགྱུར་འབབ་འཕར་བྱེད་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད།
        ད་ལོ་ནི་གསེར་ཐར་རྫོང་གིས་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྦྱོང་བྱེད་པའི་མཇུག་བསྡུའི་ལོ་ཡིན། ཉེ་བའི་ལོ་ཤས་རིང་གི་ཕྱུག་འགྱུར་སྣེ་ཁྲིད་པའི་གསོ་སྦྱོང་བྱེད་སྒོ་སྤེལ་བ་བརྒྱུད། རིགས་པའི་གཞུང་ལུགས་ལ་བརྟེན་ནས་རང་ས་གནས་ཀྱི་རྟོག་ཞིབ་རྣམ་པ་གསོ་སྦྱོང་དང་སློབ་སྦྱོང་བྱས་ཏེ་ཕྱུག་འགྱུར་སྣེ་ཁྲིད་པ་ལ་བརྟེན་ནས་དུད་ཚང་དབུལ་པོར་སྣེ་ཁྲིད་དེ་རྒྱུན་མཐུད་འབབ་འཕར་དང་དབུལ་ཐར་ཐུབ་པ། དབུལ་པོ་བསྐྱར་དུ་ལོག་པར་དོགས་ཟོན་བྱེད་པ་བཅས་ཀྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་ནས་དབུལ་ཞྭ་ཕུད་རྗེས་ཡུན་རིང་གནས་སྡོད་ཐུབ་པའི་ལས་དོན་རུ་ཁག་ཅིག་བཙུགས་ནས་ཡུལ་སྡེ་དར་རྒྱས་ཡོང་ཆེད་མུ་མཐུད་དེ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ་པར་བྱས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1