ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་དང་བླངས་དམག་གིས་མེ་འགོག་ཁྲའོ་རོགས་དམག་འཐབ་བྱས་ནས་ལོ་བདུན་ཅུ་འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 10-27


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་དང་བླངས་དམག་གིས་མེ་འགོག་ཁྲའོ་རོགས་དམག་འཐབ་བྱས་ནས་ལོ་བདུན་ཅུ་འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལས་མེ་འགོག་ཁྲའོ་རོགས་དམག་འཐབ་བྱས་ནས་བླངས་བའི་རླབས་ཆེན་རྒྱལ་ཁ་དང་བྱས་རྗེས་ཆེན་པོ་བཞག་པར་ཁྱོན་ཡོངས་ནས་ཕྱིར་དྲན་དང་སྤྱི་སྡོམ་བྱས་ཤིང་། མེ་འགོག་ཁྲའོ་རོགས་སྙིང་སྟོབས་ཀྱི་ལོ་རྒྱུས་དོན་སྙིང་དང་དུས་རབས་ཀྱི་རིན་ཐང་རྒྱས་བཤད་བྱས་པ་དང་། མེ་འགོག་ཁྲའོ་རོགས་དམག་འཐབ་ཀྱི་ལོ་རྒྱུས་བློ་སྒོ་འབྱེད་པར་གནད་ཁེལ་གསལ་སྟོན་བྱས་ཤིང་།  རྒྱལ་ཁབ་མངའ་ཁོངས་ཀྱི་བདག་དབང་དང་གཅིག་གྱུར་སྲུང་སྐྱོབ་བྱེད་པ་དང་ས་གནས་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པ། མིའི་རིགས་ཀྱི་ལས་སྐུལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པའི་ལངས་ཕྱོགས་དང་ཆོད་སེམས་བརྟན་པོ་མངོན་གསལ་དུ་གསུང་ཡོད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཚོགས་འདུར་ཞུགས་པའི་མེ་འགོག་ཁྲའོ་རོགས་ཀྱི་འཐབ་མོ་བ་རྒན་པའི་འཐུས་ཚབ་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ། ཚང་མས་བཤད་རྒྱུར། མེ་འགོག་ཁྲའོ་རོགས་དམག་འཐབ་ལས་བླངས་བའི་རླབས་ཆེན་རྒྱལ་ཁ་ཡིད་ལ་དམ་པོར་བཅངས་ཤིང་མེ་འགོག་ཁྲའོ་རོགས་ཀྱི་རླབས་ཆེན་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། སྤོབས་པ་ཆེན་པོས་འཐབ་རྩོད་དང་འཐབ་རྩོད་བྱེད་མཁས་པར་བྱས་ནས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་བ་ཡིན་ཟེར།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང་བསྟན་དོན། མེ་འགོག་ཁྲའོ་རོགས་དམག་འཐབ་བྱས་ནས་བླངས་པའི་རླབས་ཆེན་རྒྱལ་ཁ་དེ་ནམ་ཡང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དེབ་ཐར་དུ་འགོད་ངེས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མེ་འགོག་ཁྲའོ་རོགས་དམག་འཐབ་ལ་ཞུགས་པའི་འཐབ་མོ་བ་རྒན་པ་རྣམས་ལ་དྲོད་ཁོལ་གནང་།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མདུན་སྐྱོད་ཀྱི་བགྲོད་ལམ་ནི་དེ་འདྲ་བདེ་བླག་ཡིན་མི་སྲིད། ང་ཚོས་མེ་འགོག་ཁྲའོ་རོགས་དམག་འཐབ་ ཀྱི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་བརྒྱུད་རིམ་དང་རླབས་ཆེན་རྒྱལ་ཁ་ནམ་ཡང་ཡིད་ལ་དམ་པོར་བཅངས་ཏེ། སྤོབས་པ་ཆེན་པོས་འཐབ་རྩོད་དང་འཐབ་རྩོད་བྱེད་མཁས་བར་བྱེད་པ་དང་། དཀའ་ཁག་ལ་ཐུག་ཅིང་མདུན་དུ་བསྐྱོད་པ་དང་སྙིང་རུས་ཆེར་སྐྱེད་སྒོས་མདུན་དུ་བསྐྱོད་ནས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་དགོས་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1