ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་འགོ་ཚུགས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་ཉིན་ཚགས། སྤེལ་དུས། 10-30


         འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ཕོ་བྲང་པོ་ཏ་ལར་ལོ་གཅིག་དུས་གཅིག་གི་སྐུ་དཀར་གསོལ་འགོ་ཚུགས་ཤིང་། རྩིག་ལྡེབས་སུ་དཔྱངས་པ་ནི་སྐུ་དཀར་གསོལ་མཁན་རེད། 
         ལུགས་སྲོལ་ལྟར་ན། ལོ་རེའི་བོད་ཟླ་9པར་བོད་དུ་ཆར་དུས་མཇུག་འགྲིལ་བས། ཕོ་བྲང་པོ་ཏ་ལར་ཡང་སྐུ་དཀར་གསོལ་ནས་གནའ་བོའི་བཟོ་བཀོད་འདིར་སྔར་བས་བདག་སྐྱོང་ཡག་པོ་བྱེད་ཀྱི་ཡོད། 
 
         དཀར་རྩིར་བྱེ་མ་ཀ་ར་དང་འོ་མ་སོགས་བསྲེས་ནས་དཀར་རག་བཟོ་དགོས་ཀྱི་ཡོད།

          དང་བླངས་ལས་མི་ཚོས་ས་ཚིགས་ཁག་ཏུ་དཀར་རག་སྐྱེལ་བ་དང་། ལས་མི་རྣམས་ཀྱིས་འཕྲུལ་ཆས་སྤྱད་ནས་སྐུ་དཀར་གསོལ་གྱི་ཡོད། 

          ལས་འབོར་ཆེ་ཙམ་ཡོད་པའི་དབང་གིས། ལོ་ལྟར་གྲོང་མི་ཧ་ཅང་མང་པོ་རང་འགུལ་ངང་དང་བླངས་ལས་མི་བྱེད་དུ་ཡོང་གི་ཡོད། 

         སྔར་ལོ་དང་མི་འདྲ་བར། འདི་ལོ་སྐུ་དཀར་གསོལ་བྱེད་འཕྲུལ་ཆས་10ལྷག་ཙམ་མང་དུ་བཏང་བས། སྐུ་དཀར་གསོལ་བའི་ལས་ཆོད་ཧ་ཅང་ཆེ་རུ་ཕྱིན་ཡོད། 

    ལུགས་སྲོལ་ལྟར་ན། ཕོ་བྲང་པོ་ཏ་ལའི་ཕོ་བྲང་དཀར་པོ་དང་། ཕོ་བྲང་དམར་པོ། ཕོ་བྲང་སེར་པོ་བཅས་རིམ་པ་བཞིན་སྐུ་དཀར་གསོལ་བ་དང་། དེ་རྗེས་སྒོ་དང་རབ་གསལ་གྱི་མཐའ་འཁོར་དུ་སྐུ་དཀར་གསོལ་གྱི་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་བར་གཟའ་འཁོར་གཅིག་ཙམ་འགོར་གྱི་ཡོད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1