རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བརྒྱད་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཞེ་བདུན་འཕར་སྣོན་བྱུང་བ་ཁྱབ་སྒྲོག་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 10-30


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དགུ་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཞེ་བདུན་འཕར་སྣོན་བྱུང་བ་ཡར་ཞུ་བྱས་པ་དང་། དེའི་ནང་དུ་ཕྱི་ནས་མཆེད་པའི་ནད་པ་ཉེར་བཞི་ཡོད་ལ།     ཧྲང་ཧེ་རུ་ནད་པ་དྲུག་དང་ནང་སོག་ཏུ་ནད་པ་བརྒྱད།  ཀོང་ཏུང་དུ་ནད་པ་གསུམ།    ཧྲའན་ཞི་རུ་ནད་པ་གཅིག     ཐེན་ཅིན་དུ་ནད་པ་གཉིས། ཅང་སུའུ་རུ་ནད་པ་གཉིས། པེ་ཅིན་དུ་ནད་པ་གཅིག ཧྥུའུ་ཅན་དུ་ནད་པ་གཅིག་བཅས་བྱུང་། རང་ས་གནས་སུ་ནད་པ་ཉེར་གསུམ་ཡོད་པ་དང་ཚང་མ་ཞིན་ཅང་ནས་བྱུང་བ་རེད།
        ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་བདུན་སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་མི་ལྔ་བརྒྱ་དང་ཞེ་དྲུག་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་བསྡུར་ན་ནད་པ་གསུམ་ཇེ་མང་དུ་སོང་།
        ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་གྱ་དྲུག་ཡོད་པ་དང་དེའི་ནང་དུ་ནད་པ་ལྗིད་མོ་གསུམ་ཡོད།   བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་གསུམ་དང་སུམ་བརྒྱ་དང་བརྒྱད་ཡོད་པ་དང་།  དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་སྟོང་གསུམ་དང་ ཉེར་གཉིས་ལ་སླེབས།
        ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་སྟོང་ལྔ་དང་དགུ་བརྒྱ་དང་དྲུག་ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་སྟོང་ལྔ་དང་སུམ་བརྒྱ་དང་བཅུ་ཡོད་པ་དང་། ནད་པ་སྟོང་ལྔ་དང་རེ་གསུམ་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བརྒྱ་དང་ལྔ་རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཞེ་དྲུག་ཡོད་པ་དང་། ནད་པ་ཞེ་དྲུག་སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ་ལྔ་བརྒྱ་དང་ལྔ་བཅུ་ཡོད་པ་དང་ནད་པ་ལྔ་བརྒྱ་དང་བརྒྱད་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བདུན་རྐྱེན་ལམ་དུ་ཤོར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1