གློག་བརྙན་《གཡང་མདའ།》ལ་ཨི་ཐ་ལའི་སྨི་ལན་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་དུས་ཆེན་ཐོག་བྱ་དགའ་དུ་མ་ཐོབ་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-11


གློག་བརྙན་《གཡང་མདའ།》ཡི་པར་རིས་ཤིག

           སྤྱི་ཟླ་12པའི་ཚེས་8ཉིན་འཚོགས་པའི་ཨི་ཐ་ལའི་སྨི་ལན་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་དུས་ཆེན་སྐབས་32པའི་ཐོག པད་མ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་བོད་ཀྱི་གློག་བརྙན་《གཡང་མདའ།》ལ་དུས་ཆེན་དེའི་བྱ་དགའ་ཆེ་ཤོས་ཏེ་གསེར་གྱི་མེ་ཏོག་ཕྲེང་བ་ཞེས་པའི་བྱ་དགའ་དང་། འཇའ་རིང་ཞེས་པའི་བྱ་དགའ། ཡང་གཞོན་སྐྱེས་དཔྱད་གཏམ་པའི་གློག་བརྙན་ལེགས་ཤོས་ཞེས་པ་བཅས་ཀྱི་བྱ་དགའ་དུ་མ་ཐོབ་པས། ཐེངས་འདིའི་གློག་བརྙན་དུས་ཆེན་ཐོག་ཁས་ལེན་དང་མཚན་སྙན་ཐོབ་པ་ཆེས་མང་པའི་གློག་བརྙན་ཞིག་ཏུ་གྱུར།

            གློག་བརྙན་《གཡང་མདའ།》ཡིས་མདོ་སྨད་གཙན་ཚའི་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཡོད་པའི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་རྒྱབ་ལྗོངས་བྱས་ཏེ། གྲོང་ཚོ་གཉིས་ཀྱི་ལོ་རེའི་མདའ་འཕེན་འགྲན་བསྡུར་གྱི་སྐད་གྲགས་ཆེ་བའི་མདའ་བ་གཉིས་དང་བུ་མོ་ཞིག(མདའ་བ་གཅིག་གི་ནུ་མོ་དང་གཅིག་གི་དགའ་རོགས་ཡིན)བཅས་བར་དུ་བྱུང་བའི་འགལ་བ་དང་བརྩེ་དུང་། འགྲིག་མཐུན་སོགས་བརྒྱུད་གནའ་བོའི་སྲོལ་རྒྱུན་གྱི་ད་ལྟ་བའི་གནས་བབ་དང་། དུས་རབས་གསར་བའི་བོད་པ་རྣམས་ཀྱིས་མི་རིགས་རང་གི་རིག་གནས་འདི་ཉིད་ཉམས་པ་སོར་ཆུད་ཀྱིས་གོང་ནས་གོང་དུ་སྤེལ་བའི་གཏམ་རྒྱུད་ཅིག་མཚོན་ཡོད།

སྨི་ལན་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་དུས་ཆེན་གྱི་རྟགས་མ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1