གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༠༢ཉིན།

བདེན་འཚོལ་དུས་དེབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འཐབ་ཇུས་ཀྱི་གནད་དོན་གལ་ཆེན་འགའ་ཞེས་པ་སྤེལ།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་པར་བསྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་ཉེར་གཅིག་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འཐབ་ཇུས་ཀྱི་གནད་དོན་གལ་ཆེན་འགའ་ཞེས་པ་སྤེལ། 
        རྩོམ་ཡིག་ལས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་དེ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ཅིང་། ཐེངས་འདིའི་རིམས་ནད་ནི་ཉམས་ཉེན་ཅིག་ཡིན་པར་མ་ཟད་ཉམས་སད་ཆེན་མོ་ཞིག་ཀྱང་རེད། ང་ཚོས་དུས་ཡུན་རིང་བོར་བསམ་བློ་བཏང་སྟེ་འཐབ་ཇུས་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་ཉེན་ཁ་དེ་གོ་སྐབས་སུ་བསྒྱུར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར། 
        རྩོམ་ཡིག་ལས་བསྟན་དོན། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་ནན་མོ་བྱེད་དགོས། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་དེ་དམ་འཛིན་བྱས་ཏེ། ཐོན་སྐྱེད་དང་བགོ་བཤའ། འཁོར་རྒྱུག འཛད་སྤྱོད་བཅས་ལས་རིམ་སོ་སོས་རྒྱལ་ནང་ཚོང་རར་མང་དུ་བརྟེན་པའི་འཁོར་སྐྱོད་བཟང་བོ་མངོན་འགྱུར་བྱེད་དགོས་པ་དང་། རྒྱལ་ནང་གི་འཁོར་རྒྱུག་སྔར་ལས་བཀག་མེད་དུ་གྱུར་ན། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོ་གཙོ་བྱས་ཤིང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཀྱིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་རྣམ་པ་གསར་བ་འཛུགས་པར་ལྷག་ཏུ་ཕན་པ་ཡིན། 
        རྩོམ་ཡིག་ལས་བསྟན་དོན། མུ་འབྲེལ་ཐོན་ལས་དང་མཁོ་འདོན་ལེགས་བཅོས་དང་གཏན་འཇགས་ཡོང་བར་བྱེད་དགོས། མུ་འབྲེལ་ཐོན་ལས་དང་མཁོ་འདོན་དེ་གནད་འགག་གི་སྐབས་སུ་སྣང་མེད་དུ་བསྐྱུར་མི་རུང་། དེ་ནི་རྒྱལ་ཁབ་ཆེན་མོའི་དཔལ་འབྱོར་ལ་ངེས་པར་དུ་ཚང་དགོས་པའི་ཁྱད་ཆོས་གཙོ་བོ་ཞིག་རེད། ཁྱད་སྟོབས་འདོན་སྤེལ་དང་མི་འདང་བ་ཁ་གསབ་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འབྲེལ་བའི་ཁྱབ་ཁོངས་དང་གནད་སའི་སྟེང་རང་བདག་ཚོད་འཛིན་ཐུབ་པ་དང་བདེ་འཇགས་བློ་གཏོད་རུང་བའི་རྒྱལ་ནང་གི་ཐོན་སྐྱེད་དང་མཁོ་འདོན་མ་ལག་འཛུགས་དགོས་ཟེར། 
        རྩོམ་ཡིག་ལས་བསྟན་དོན། གྲོང་ཁྱེར་ཅན་གྱི་འཐབ་ཇུས་འཐུས་ཚང་དུ་བཏང་སྟེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་དེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྨང་གཞིའི་དམིགས་འབེན་དུ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མི་སྲོག་ཤིང་དུ་བྱས་པའི་མཁར་གྲོང་ཅན་ལ་སྐུལ་འདེད་བཏང་ནས། གྲོང་ཁྱེར་དེ་སྔར་ལས་བདེ་ཐང་དང་བདེ་འཇགས། འཚོ་སྡོད་བྱེད་པར་ལྷག་ཏུ་འཚམ་པ་ཞིག་ཏུ་བྱེད་དགོས་ཟེར། 
        རྩོམ་ཡིག་ལས་བསྟན་དོན། ཚན་རྩལ་འཕེལ་རྒྱས་ཀྱི་གནད་དོན་ཁ་ཕྱོགས་དང་དམིགས་འབེན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་དངུལ་གཏོང་དང་ཐོན་སྐྱེད་གྲུབ་ཚུལ་ལེགས་བསྒྱུར་བྱས་ནས་ཚན་རྩལ་གྲུབ་འབྲས་ཀྱི་ལེགས་བསྒྱུར་རྐྱེན་སྲོལ་གསར་གཏོད་བྱེད་དགོས། མི་དང་རང་བྱུང་གི་ཚེ་སྲོག་ལས་སྐལ་ཐུན་མོང་ཚོགས་པའི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་ཇེ་ཟབ་ཏུ་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་མཐོ་ཚད་དུ་ལངས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་འགོད་བྱེད་དགོས། སྤྱི་བའི་འཕྲོད་བསྟེན་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། སྟེང་གི་བཀོད་པ་ལས་སྤྱི་བའི་འཕྲོད་བསྟེན་མ་ལག་གི་རྒྱལ་ཁབ་བཅོས་སྒྱུར་མ་ལག་ཁྲོད་ཀྱི་གོ་གནས་མཐོར་འདེགས་སུ་གཏོང་དགོས་ཟེར། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1