གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༠༣ཉིན།

གྲོང་ཁུལ་གྱི་སྤུས་ཚད་ལེགས་སུ་གཏོང་ཞིང་།སྤྲོ་སྐྱིད་བག་འཕེལ་གྱི་འཚོ་བ་ལོངས་སུ་སྤྱོད།

        དཀར་མཛེས་ཁུལ་གྱིས་གྲོང་ཡུལ་རིམ་སྤོར་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་རྫོང་མཁར་སྟོབས་ཆེར་བཏང་བ།
        འབའ་ཐང་མི་རིགས་རིག་གནས་མངོན་པའི་ལྡེབས་རིས་རེ་རེ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལམ་སྒྲོན་རེ་རེ་དང་ཁྲོམ་ལམ་ཆེ་ཆུང་རེ་རེ་སོགས་ལས་དེ་སྔོན་རྒྱལ་ཡོངས་ཀྱི་ཤིན་ཏུ་དབུལ་ཕོངས་རྫོང་དེ་ད་ལྟ་ཁུལ་ཡོངས་ཀྱི་རྫོང་མཁར་མཛེས་ཤོས་སུ་གྱུར་པའི་བརྒྱུད་རིམ་མངོན། སི་ཁྲོན་ནུབ་རྒྱུད་ཀྱི་གྲོང་ཆུང་འབའ་ཐང་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་འཕྲོག དེ་ནས་འབའ་ཐང་རྫོང་མཁར་ལ་འགྱུར་ལྡོག་ཆེན་པོ་དེ་འདྲ་བྱུང་བ་ནི་ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་ཁུལ་ཡོངས་སུ་རྫོང་མཁར་སྟོབས་ཆེར་གཏོང་བ་དང་གྲོང་ཡུལ་ཇེ་ལེགས་སུ་གཏོང་བ། གྲོང་སྡེ་ཇེ་མཛེས་སུ་གཏོང་བ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། གྲོང་ཡུལ་རིམ་སྤོར་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ་ལ་རག་ལས་པ་རེད།
        ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་རྫོང་མཁར་དེ་གྲོང་ཡུལ་འཕེལ་རྒྱས་གཅིག་གྱུར་འཆར་འགོད་དང་། གྲོང་ཡུལ་རིམ་སྤར་འཐབ་ཇུས་ལག་བསྟར་བྱེད་པའི་གནད་འགག་ཆེ་ས་དང་འབྲེལ་ཐག་གལ་ཆེན་དུ་བརྩིས་ཏེ། མཛེས་ལྗོངས་དང་གྲོང་མཁར་གཞི་གཅིག་ཅན་གྱི་གྲོང་ཡུལ་གསར་པ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དེར་དམ་པོར་དམིགས་ནས་གྲོང་ཁྱེར་ཉམས་གསོ་བྱ་རྒྱུར་གཙོ་བོ་བྱས་ནས་མ་དངུལ་སྒོར་དུང་ཕྱུར160ལྷག་ཙམ་བསྡུ་སྒྲིལ་བྱས་ཏེ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད། མཛེས་ལྗོངས(རྣམ་པ)སོགས་ལས་གཞི་ཁག1507ལག་བསྟར་བྱས་པ་དང་། ཡིད་དབང་འཕྲོག་པའི་རྫོང་མཁར18ཐོག་ལྗོངས་ཁུལ་གཉིས་ཀྱི་འཛུགས་སྐྲུན་རིམ་སྤར་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ཡོད། སྔ་རྗེས་སུ་དར་མདོ་གྲོང་གསར་དང་རྟའུ་གྲོང་གསར། ལི་ཐང་གྲོང་གསར་སོགས་ཁྱད་ཆོས་ལྡན་པའི་གྲོང་གསར6བསྐྲུན་ཡོད་ཅིང་། དཀར་མཛེས་གྲོང་གསར་འཛུགས་སྐྲུན་བྱེད་མགོ་ཚུགས་པ་དང་གྲོང་ཁུལ་འཛུགས་སྐྲུན་བྱས་ཟིན་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ52.88བར་བསྣན་ཡོད། རིམ་རྩིས་བྱས་ན་གྲོང་ཁུལ་གྱི་གཞུང་ལམ་སྤྱི་ལེ458.61བསྐྲུན་པ་དང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི418.39ལ་ཟིན་ཡོད། གྲོང་ཁྱེར་གྱི་ཟམ་པ92དང་ཆུ་བཙོག་གཙང་བཟོའི་བཟོ་གྲྭ17བསྐྲུན་ཡོད། ཆུ་བཙོག་མདོང་ལམ་སྤྱི་ལེ320ལ་ཟིན་པ་དང་ཆུ་བཙོག་གཙང་བཟོ་བྱེད་ཚད་བརྒྱ་ཆ46.2ལ་ཟིན་པ། འཚོ་བའི་གད་སྙིགས་གཙང་སེལ་བཟོ་གྲྭ18བསྐྲུན་པ་དང་འཚོ་བའི་གད་སྙིགས་གཙང་སེལ་བྱེད་ཚད་བརྒྱ་ཆ97.2ལ་ཟིན་ཡོད་པ་རེད། ཆུ་འདོན་བཟོ་གྲྭ30བཟོ་བཅོས་དང་གསར་འཛུགས་བྱས་ཡོད་པ་དང་ཆུ་འདོན་སྦུབས་དྲྭ་སྤྱི་ལེ787.82བསྐྲུན་ཡོད། ད་བར་དུ་ཁུལ་ཡོངས་ཀྱི་གྲོང་ཁུལ་འཛུགས་སྐྲུན་གྱི་ཞན་ཆ་གཞི་རྩའི་ཆ་ནས་ཁ་གསབ་བྱས་ཡོད། གྲོང་ཁུལ་གྱི་ནུས་པ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་གྲོང་ཁྱེར་གྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཅིང་། རྫོང་གྲོང་གི་རྣམ་པ་གསར་པ་གསར་རྐྱང་དུ་གྱུར་ཡོད།
        ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དོ་དམ་ལ་འགལ་བའི་གནད་དོན་ཐག་གཅོད་བྱ་ཆེད། 《ཁུལ་ཁོངས་ཀྱི་གྲོང་རྡལ་མ་ལག་འཆར་འགོད》བཟོ་སྒྲིག་དང《ཁུལ་ཁོངས་ཀྱི་གྲོང་གསར་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད(རྩ་གནད)》བཟོ་འགོད་ལེགས་གྲུབ་ཟིན་ཞིང་། རིམ་རྩིས་བརྒྱབ་ན་རྫོང་དང་གྲོང་ཁྱེར17གྱི་སྤྱིའི་འཆར་འགོད་སྒྲིག་བཟོ་དང་རྫོང་མཁར18ཀྱི་ཚོད་འཛིན་རང་བཞིན་གྱི་སྒྲིག་སྲོལ་ཞིབ་ཕྲ་བཟོ་འགོད། གྲོང་ཡུལ་ཆེད་དོན་འཆར་འགོད་ཁག155སྒྲིག་བཟོའི་ལས་དོན་བཅས་ལེགས་འགྲུབ་བྱུང་ནས་ཁུལ་ཡོངས་ཀྱི་གྲོང་རྡལ་འཆར་འགོད་སྒྲིག་གཞིའི་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད། གྲོང་ཁྱེར་གྱི་མཛེས་སྤུས་ཇེ་ལེགས་སུ་གཏོང་བ་དང་ཆབས་ཅིག རང་ཁུལ་གྱིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཟམ་མི་ཆད་པར་ཁ་གསབ་བྱས་ཤིང་། ཚད་ཡོད་ཆ་རྐྱེན་ནང་མི་འབོར་དང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གཅིག་སྡུད་བྱས་པ་དང་གྲོང་ཁྱེར་གྱི་ཐེག་ནུས་ཆེ་རུ་གཏོང་ཞིང་། སྒྲིག་བཀོད་འཐུས་ཚང་དང་ནུས་པ་ཆ་ཚང་། ཐོན་ལས་འཕེལ་རྒྱས་བཅས་གཞི་རྩའི་ཆ་ནས་གྲུབ་ཡོད། ཡུལ་མིའི་ཡོང་འབབ་དུས་མཉམ་དུ་འཕར་སྣོན་ཡོང་བ་དང་སྤྱི་ཚོགས་ཀྱི་བྱ་གཞག་དུས་མཉམ་དུ་དར་རྒྱས་ཡོང་བ། སྤྱི་ཚོགས་འགན་སྲུང་སྔར་ལས་འཐུས་སྒོ་ཚང་བ་བཅས་ཀྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་ཐུབ་པར་བྱས་ཡོད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1