གཙོ་ངོས།>> སྒྱུ་རྩལ།>>རི་མོ།

དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༠༤ཉིན།

༄༅།། བསོད་ནམས་རྡོ་རྗེའི་ཐང་གའི་བརྩམས་ཆོས་བདམས་བཀོད།


དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་མཁོ་འདོན་བྱས།


        སྤྱི་གཉེར་ཁང་གི་འགོ་འཛིན་བསོད་རྡོར་རམ་བསོད་ནམས་རྡོ་རྗེ་ནི་དཀར་མཛེས་ཁུལ་བཟོ་རྩལ་མཐུན་ཚོགས་ཀྱི་ཚོགས་མི་དང་། སྡེ་དགེ་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་ཡིན། ཁོང་བོད་ཆུ་གླང་ལོ་སྟེ་སྤྱི་ལོ་1973ལོར་སྡེ་དགེ་སྨན་ཤོད་ཛམ་མདར་སྐྱེས་ཤིང་། ཆུང་དུས་ནས་ལྷ་རིས་ལ་དགའ་ཞེན་དང་མོས་པ་ཆེ་བས་དཔལ་སྤུངས་ཡུལ་ཚོའི་རྡོར་གྲགས་སམ་མེ་གླིང་གྲོང་སྡེར་བསྐྱོད་དེ་ལྷ་བཟོ་མཁས་དབང་ཁང་སར་འཇམ་དཔལ་མཆོག་དང་སྐུ་ཚ་འཆི་མེད་ལགས་དང་ལྷན་དུ་རི་མོའི་འགྲོ་ཡུལ། ཚོན་སྦྱོར་བྱེད་སྟངས། ཐ་ན་གེ་སར་གྱི་གླིང་སྒྲུང་ཀློག་ཚུལ་སོགས་ལ་འབྲེལ་འདྲིས་དང་སློབ་སྦྱོང་ཡུན་རིང་བྱས་ནས་རྒྱུས་མངའ་ཆེན་པོ་ཐོབ། དེ་ནས་རིམ་བཞིན་མོས་པ་དང་བརྩོན་འགྲུས་གང་ཆེར་བསྐྱེད་ནས་སྤྱི་ལོ་2008ནས་སྤྱི་ལོ་2013བར་གྱི་ལོ་དྲུག་གི་རིང་དུ་བོད་ལྗོངས་ལྷ་སའི་སྟོད་ལུང་ཁུལ་དུ་ཞལ་ཐང་རི་མོའི་བཟོ་གྲྭ་བཙུགས། སྤྱི་ལོ་2014ལོར་རང་ཡུལ་སྨན་ཤོད་དུ་སློབ་མ་བཞི་བཅུ་ལྷག་ཡོད་པའི་ཀརྨ་སྒར་བྲིས་སློབ་གྲྭ་གསར་དུ་དབུ་འཛུགས་ནས། ཀརྨ་སྒར་བྲིས་ལྷ་བཟོ་གྲགས་ཅན་ཁང་སར་འཆི་མེད་དང་། དིལ་འགོ་ཨ་ཕྲུག་སོགས་དགེ་རྒན་དུ་གདན་ཞུས་བྱས། སྤྱི་ལོ་2018ལོར་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་དང་། དཀར་མཛེས་ཁུལ་ལས་རིགས་སློབ་གྲྭ་དང་མཉམ་དུ་སློབ་མ་བརྒྱ་ལྷག་ཡོད་པའི་ལྷ་བཟོའི་སློབ་གྲྭ་ལྕང་རར་འཛུགས་གཉེར་བྱས། སྔ་རྗེས་སུ་དཀར་མཛེས་ཁུལ་རིག་གནས་ཅུས་གཅིག་པུར་ཞལ་ཐང་སུམ་བརྒྱ་ལྷག་བཞེངས་པ་སོགས་ཞལ་ཐང་སྤུས་ནོམ་ལྡན་པ་སྟོང་ཕྲག་བརྒལ་བ་ལེགས་པར་བྲིས། འབྲེལ་ཡོད་སྡེ་ཁག་གིས་གཙོ་གཉེར་གནང་བའི་པེ་ཅིན་དང་ཧྲེན་ཀྲན། ཀོང་ཀྲོའུ་སོགས་སུ་བཤམས་སྟོན་ཐེངས་མང་ནང་ཞུགས་པ་མ་ཟད། བྱ་དགའ་གཟེངས་བསྟོད་ཨང་དང་པོ་གཉིས་དང་། ཨང་གཉིས་པ་གསུམ། ཨང་གསུམ་པ་གཉིས་སོགས་གྲངས་མང་ཐོབ་མྱངས།

ཞྭ་དམར་པ།


སི་ཏུ་ཆོས་འབྱུང་།


འཕགས་པའི་གནས་བརྟན་ཡན་ལག་འབྱུང་།


འཕགས་པའི་གནས་བརྟན་གསེར་བེའུ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1