​ཞི་ཅིན་ཕིང་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ནང་ཞུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-04




       ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ཐེངས་བདུན་པར་ཞུགས་གནང་སྐབས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ལས་དོན་ཏན་ཏིག་ངང་བསྒྲུབ་སྟེ། སྤུས་ཚད་མཐོ་བའི་གོང་འཕེལ་ཆེད་ཡང་དག་པའི་བསྡོམས་རྩིས་ཆ་འཕྲིན་གྱི་རྒྱབ་སྐྱོར་བྱེད་དགོས་པའི་ནན་སྟོན་གནང་བ་དང་། ལི་ཁེ་ཆང་དང་། ལི་ཀྲེན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ནས་ཁག་སོ་སོར་ཡོངས་ཁྱབ་ཞིབ་བཤེར་གྱི་ཐོ་འགོད་ནང་ཞུགས་གནང་བ།
       རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་ཐོ་འགོད་ལས་དོན་ཐེངས་བདུན་པ་ད་ལྟ་རྒྱལ་ཡོངས་སུ་སྤེལ་བཞིན་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་2ཉིན་གྱི་ཕྱི་དྲོ་པེ་ཅིང་ཀྲུང་ནན་ཧའེ་རུ་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ནང་ཞུགས་གནང་ཡོད།
       ཕྱི་དྲོའི་ཆུ་ཚོད་བཞི་པར། ཞི་ཅིན་ཕིང་ཀྲུང་ནན་ཧའེ་ཧོའེ་རེན་ཚོམས་ཆེན་ནང་ཕེབས་ཡོད། ཐོ་འགོད་ཀྱི་འགན་འཁུར་མཁན་ཡོངས་བཤེར་བ་གཉིས་ནས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཡོད། ད་ཐེངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་དེ་གློག་རྡུལ་ཅན་གྱི་ཐོ་འགོད་བྱེད་སྟངས་སྤྱད་པ་དང་། ཞི་ཅིན་ཕིང་གིས་ཡོངས་ཁྱབ་ཞིབ་བཤེར་གྱི་ཐོ་འགོད་བླང་བྱ་ལྟར་ཡོངས་ཁྱབ་ཞིབ་བཤེར་བྱེད་མཁན་གྱི་དྲི་བ་རེ་རེར་ལན་བསྐྱོན་གནང་བ་དང་། ཡོངས་ཁྱབ་ཞིབ་བཤེར་བྱེད་མཁན་གྱིས་ཆ་འཕྲིན་ངོས་སྙོམས་གློག་ཀླད་ནང་བཅུག་ཡོད། དེ་རྗེས་ཞི་ཅིན་ཕིང་གིས་རེ་ཞུ་བའི་མཚན་རྟགས་འགོད་སར་ཁོང་གི་མཚན་བཀོད་གནང་ཡོད།
       ཐོ་འགོད་ལེགས་གྲུབ་ཟིན་རྗེས་ཞི་ཅིན་ཕིང་གིས་ཡོངས་ཁྱབ་ཞིབ་བཤེར་བྱེད་མཁན་གཉིས་པོ་བརྒྱུད་ད་ཐེངས་ཀྱི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཡོངས་ཁྱབ་ཞིབ་བཤེར་བྱེད་མཁན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར་སྙན་སེང་སྟབས་བདེ་ཞིག་ཞུས་ཡོད། ཞི་ཅིན་ཕིང་གིས་ཡོངས་ཁྱབ་ཞིབ་བཤེར་བྱེད་མཁན་གཉིས་པོ་དང་ཡོངས་ཁྱབ་ཞིབ་བཤེར་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་ཡོངས་ཁྱབ་ཞིབ་བཤེར་བྱེད་མཁན་ས་ཡ་བདུན་ལྷག་ཙམ་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད།
       ཞི་ཅིན་ཕིང་གིས། མི་འབོར་ལས་དོན་དང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན། རང་རྒྱལ་ནི་འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་འབོར་གྱི་གནད་དོན་དེ་སྔ་བར་ཕྱི་གསུམ་དུ་གནས་བབ་ཧྲིལ་པོའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ཞིག་ཡིན། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ནི་ལོ་བཅུ་ལ་ཐེངས་རེ་བྱེད་ཀྱི་ཡོད། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་71འཁོར་བའི་ལོ་ཡིན། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཡང་བྱེད་ཐེངས་བདུན་པ་དེ་རེད། དེའི་གོང་གི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་ཐེངས་དྲུག་གིས་ཞིབ་ཕྲ་དང་དོན་དངོས་ཀྱི་མི་འབོར་བསྡོམས་རྩིས་གྲངས་གཞི་འབོར་ཆེན་ཞིག་བྱུང་བ་དེས་ཏང་དང་རྒྱལ་ཁབ་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་སྲིད་ཇུས་དང་མི་འབོར་སྲིད་ཇུས་སོགས་གཏན་འབེབས་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད།  རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་ཐེངས་བདུན་པ་ནི་དུས་རབས་གསར་པར་བྱས་པའི་རྒྱལ་ཚུལ་དང་རྒྱལ་སྟོབས་ཀྱི་ཞིབ་བཤེར་གལ་ཆེན་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན་ཞེས་ནན་སྟོན་གནང་ཡོད།
       ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་མི་འབོར་གོང་འཕེལ་ལ་མངོན་གསལ་དོད་པའི་འགྱུར་ལྡོག་བྱུང་བ་སྟེ། མི་འབོར་མང་བའི་གནོན་ཤུགས་འཕྲད་ཡོད་པ་མ་ཟད་མི་འབོར་གྱི་གྲུབ་གཞི་བརྗེ་སྒྱུར་ལས་བྱུང་བའི་འགྲན་རྩོད་ཀྱང་འཕྲད་ཡོད། ད་ཐེངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱས་པ་བརྒྱུད་རང་རྒྱལ་གྱི་མི་འབོར་དང་། གྲུབ་གཞི། ཁྱབ་ཚུལ་སོགས་ཀྱི་གནས་ཚུལ་གསལ་རྟོགས་དང་། མི་འབོར་གྱི་འགྱུར་བའི་འཕེལ་ཕྱོགས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པ་བྱས་ཏེ། མི་འབོར་གོང་འཕེལ་གྱི་འཐབ་ཇུས་དང་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་གཏན་འབེབས་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་སོགས་ལ་ཡང་དག་པའི་བསྡོམས་རྩིས་ཆ་འཕྲིན་གྱི་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
       ཞི་ཅིན་ཕིང་གིས། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། ཡོངས་ཁྱབ་ཞིབ་བཤེར་མི་སྣས་འབད་བརྩོན་དེ་བས་ཆེ་བ་བྱེད་དགོས་པ། སྤྱི་ཚོགས་ཡོངས་ནས་བསམ་ཤེས་དང་རྒྱབ་སྐྱོར་དེ་བས་མང་བ་བྱེད་དགོས། སྤྱི་ཟླ་11པའི་ཚེས་1ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་མི་སྣ་ས་ཡ་བདུན་ལྷག་ཙམ་གྱིས་ཁྱིམ་ཚང་རེ་རེ་དང་མི་རེ་རེ་བཞིན་ལ་ཐོ་འགོད་བྱེད་འགོ་ཚུགས་ཡོད་པས་ཚང་མས་རྒྱུན་རྣམ་ཅན་གྱི་རིམས་འགོག་བླང་བྱར་བརྩི་སྲུང་ཞུ་བ་དང་ཆབས་ཅིག་ཡོངས་བཤེར་བྱེད་མཁན་ཁྱིམ་དུ་སྣེ་ལེན་ཞུས་ཏེ་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་པ། ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་ཇི་མ་ཇི་བཞིན་གོང་ཞུ་བྱེད་པ། ཁྲིམས་ལྟར་འགན་འཁྲི་དང་འོས་འགན་འཁུར་དགོས། རིམ་ཁག་ཡོངས་ཁྱབ་ཞིབ་བཤེར་ལས་ཁུངས་དང་ཡོངས་ཁྱབ་ཞིབ་བཤེར་མི་སྣས་ཚན་རིག་དང་མཐུན་པའི་ཡོངས་བཤེར་དང་། ཁྲིམས་ལྟར་ཡོངས་བཤེར། སྔར་བས་ཚན་རིག་དང་མཐུན་པ། སྔར་བས་གནད་ལ་འཕིགས་པ། སྔར་བས་དོ་ནན་པ་བཅས་ཀྱི་སྒོ་ནས་ལས་དོན་ཡག་པོ་བསྒྲུབ་སྟེ། སྤུས་ཚད་མཐོ་པོས་ཡོངས་ཁྱབ་ཞིབ་བཤེར་ལས་འགན་ཡག་པོ་བསྒྲུབ་དགོས་པའི་ནན་སྟོན་གནང་ཡོད། 
       ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ནས་ཀྲུང་ནན་ཧའེ་རུ་ཁག་སོ་སོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ནང་ཞུགས་ཡོད། རང་རྒྱལ་གྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་དེ་ལོ་བཅུ་ལ་ཐེངས་རེ་བྱེད་ཀྱི་ཡོད། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པ་དེ་སྤྱི་ལོ་2020ལོའི་ཟླ་11པའི་ཚེས་1ཉིན་ནས་ཟླ་12པའི་ཚེས་10ཉིན་བར་ཁྱིམ་དུ་བསྐྱོད་དེ་ཐོ་འགོད་བྱེད་རྒྱུ་ཡིན་པ་དང་། སྤྱི་ལོ་2021ལོའི་ཟླ་4པ་ནས་བཟུང་གཅིག་མཇུག་གཉིས་མཐུད་ངང་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞི་གཙོ་བོ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1