མཚོ་སྔོན་ནས་བོད་སྐད་ཀྱི་ཁྲིམས་ལུགས་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-05



 
     ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་སྤྱི་སྟེགས་ཆེན་པོ་གསུམ་བཙུགས་ནས། འབྲོག་ཁུལ་མང་ཚོགས་ལ་བོད་སྐད་ཀྱི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། 
   2019ལོའི་ཟླ་10པར། 12348མཚོ་སྔོན་ཁྲིམས་ལུགས་དྲ་བའི་བོད་རྒྱ་སྐད་གཉིས་པར་གཞི་ཤར་གཏོང་ཐུབ་པ་དང་། དེའི་རིམ་པ་གཉིས་པའི་འདེམས་བྱང་ལ་དྲ་ཐོག་འདྲི་ཞིབ་དང་། ཁྲིམས་རྩོད་པར་ཁ་ཆད་བསྒོ་བ། བརྙན་ལམ་ཞབས་ཞུ་སོགས་ཆེད་དོན་ཁུལ་སྒྲིག་འགོད་བྱས་ནས། འབྲོག་ཁུལ་བོད་པ་མང་ཚོགས་ལ་སྣ་མང་ཅན་དང་ཆེད་ལས་ཅན། འདེམས་གསེས་ཆོག་པ་བཅས་ཀྱི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་མཁོ་འདོན་བྱས་པ་རེད། དྲ་ཐོག་གི་འདྲི་ཞིབ་ནི་བོད་རིགས་སྤུན་ཟླ་ལ་ཆེད་དུ་ཆུ་ཚོད་24ལ་ཁྲིམས་ལུགས་འདྲི་ཞིབ་མཁོ་འདོན་བྱས་པ་རེད། ཁྲིམས་རྩོད་པར་ཁ་ཆད་བསྒོ་རྒྱུ་ནི་བོད་སྐད་ཤེས་ཤིང་ཁྲིམས་ལུགས་ལ་མཁས་པའི་ཆེད་ལས་ཁྲིམས་རྩོད་པས་མང་ཚོགས་ལ་མཁོ་འདོན་བྱེད་པའི་ནམ་རྒྱུན་དུ་ཁ་ཆད་བསྒོ་བའི་ཞབས་ཞུ་ཞིག་རེད། བརྙན་ལམ་ཞབས་ཞུ་མ་ལག་གིས་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་ཁང་དང་། 12348མཚོ་སྔོན་ཁྲིམས་ལུགས་དྲ་བ། མཚོ་སྔོན་ཁྲིམས་ལུགས་དྲ་བ་སྐད་འཕྲིན་སྤྱི་སྟེགས་སོགས་རིགས་མང་བའི་ཞབས་ཞུ་མཐའ་སྣེ་མཐུད་ཡོད་ཅིང་། རྩིས་འཁོར་གྱི་མཐའ་སྣེ་དང་། ཁ་པར་གྱི་མཐའ་སྣེ་སོགས་ཐབས་མང་པོའི་ཐོག་ནས་རྒྱང་རིང་བརྙན་ལམ་འདྲི་ཞིབ་ཞབས་ཞུ་མངོན་འགྱུར་བྱས་ནས། རྒྱང་རིང་འབྲོག་ཁུལ་གྱིས་ཁྲིམས་རྩོད་པ་འཚོལ་དཀའ་བའི་མང་ཚོགས་ལ་མཐུན་རྐྱེན་སྐྲུན་པ་དང་། འཕེལ་རྒྱས་དོ་མི་སྙོམས་པ་དང་འཐུས་ཚང་མིན་པའི་འགལ་བ་ཞི་འཇགས་སུ་བཏང་ཡོད། 
   བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་ཞབས་ཞུ་ལ་སྐད་ཁོངས་ཅུང་མང་ཞིང་། ཁྲིམས་ལུགས་བརྡ་ཆད་ཀྱི་ཆེད་ལས་རང་བཞིན་དང་། སྐད་ཡིག་གི་ཡང་དག་རང་བཞིན། དྲ་རྒྱ་ཞབས་ཞུ་རྣམ་པའི་ཇུས་འགོད་སོགས་ཀྱི་བླང་བྱ་མཐོ་བས། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཞིང་ཆེན་ཡོངས་ནས་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་རྩོད་པ་15བདམས་ནས་ཚོགས་པ་བསྒྲིགས་པ་དང་། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ཐབས་ལམ་ལ་བརྟེན་ནས་ཕྱོགས་གསུམ་པ་སྟེ་གཉེར་སྐྱོང་ཀུང་སིར་འགན་གཙང་ལེན་དུ་བཅུག་ཅིང་། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་དོ་དམ་ཅུས་ཀྱིས་ཕྱོགས་གསུམ་པའི་ཞབས་ཞུ་ལ་ལས་ཕྱོད་དཔྱད་ཞིབ་དང་རྒྱབ་ཕྱོགས་ལྟ་ཞིབ་དོ་དམ་བྱེད་པའི་འགན་འཁུར་བ་རེད། 
   ཁྲིམས་རྩོད་པའི་ཚོགས་པ་ནི་ལས་གཉེར་ཁྱད་ཆོས་དང་ལས་གཉེར་ལོ་ཚད་ལ་གཞིགས་ནས་ཞབས་ཞུ་མི་སྣའི་རྩིས་ཐོའི་ཨང་གྲངས་ཐོ་འགོད་བྱས་པ་དང་། ཐོ་འགོད་བྱེད་ཐེངས་རེར་ཉིན་གང་བོར་ཞབས་ཞུ་སྒྲུབ་ཐུབ། 12348སྤྱི་པའི་ཁྲིམས་ལུགས་འབྲེལ་གཏུག་ཞབས་ཞུའི་མཐའ་སྣེ་ནི་ལག་འཁྱེར་ཁ་པར་དང་སྤྱི་པའི་ཁྲིམས་ལུགས་ཞབས་འདེགས་ཁང་གི་བར་རྒྱ་བསྐྱེད་ཡོད། མཐའ་སྣེ་འདྲ་མིན་ཐོག་ནས་ནང་དུ་ཞུགས་ཆོག་ཅིང་། སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་ནི་དུས་དང་རྣམ་པ་ཀུན་དང་། ལས་སྒོ་ཀུན། ཉིན་གང་བོར་ཁྱབ་པ་མངོན་འགྱུར་བྱུང་ཡོད། དུས་མཚུངས་སུ། སྐད་གཉིས་ཁྲིམས་རྩོད་པའི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སུ་སྤྱད་ནས། སྐད་གཉིས་དྲ་ངོས་ལ་དུས་རྣམ་ཀུན་ཏུ་ལོ་ཙཱ་དང་གསར་སྒྱུར་བྱས་ཤིང་། བོད་རིགས་མང་ཚོགས་ལ་ཕྱོགས་ཡོངས་དང་སྣ་མང་ཅན་གྱི་ཁྲིམས་ལུགས་ཞབས་ཞུའི་ཆ་འཕྲིན་དང་ཁྲིམས་ལུགས་ཞབས་ཞུ་མཛུབ་སྟོན་མཁོ་འདོན་བྱས་ཡོད། 
   2019ལོའི་ཟླ་12པར་བོད་རྒྱ་སྐད་གཉིས་ཁྲིམས་ལུགས་ཞབས་ཞུ་གཉེར་སྐྱོང་བྱེད་འགོ་བརྩམས་པ་ནས་བཟུང་། རིགས་ཁག་གི་ཆ་འཕྲིན་4000ལྷག་ལོ་ཙཱ་དང་གསར་སྒྱུར་བྱས་ཤིང་། རིམ་རྩིས་བྱས་ནས་དྲ་ཐོག་ནས་ཁྲིམས་ལུགས་འདྲི་ཞིབ་བྱེད་མཁན་མི་ཐེངས་327ལ་ཞབས་འདེགས་ཞུས་ཤིང་། རྒྱང་རིང་བརྙན་ལམ་འདྲི་ཞིབ་བྱེད་མཁན་མི་ཐེངས་740(pc མཐའ་སྣེ་དང་། App མཐའ་སྣེ། ཞབས་ཞུ་ཁང་བཅས་ཚུད་ཡོད།) ཚང་མ་ལ་ལན་སྤྲད་པ་དང་། ལན་སྤྲད་པའི་དུས་ཡུན་ཆ་སྙོམས་བྱས་ན་སྐར་མ་2.04ཟིན་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1