༄༅། །གཉེན་སྟོན་གྱི་འགྲོ་ལུགས་རགས་ཙམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-11


               འཇིག་རྟེན་མཐུན་འཇུག་གཉེན་སྒྲིག་གི་བྱ་བ་འདི་ནི་ན་གཞོན་ཕོ་མོ་ཟུང་གི་མི་ཚེ་གཅིག་གི་འཚོ་གནས་ལ་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་ན་ཡང་།   གནའ་སྔ་མོའི་དུས་སུ་བོད་ཡུལ་ན་བུ་བུ་མོས་གཉེན་སྒྲིག་རྒྱུ་དེ་ཕ་མའི་འགན་ཁུར་ཆེ་ཤོས་སུ་བརྩིས་ནས།  བུ་ལ་མནའ་མ་དང་བུ་མོར་མག་པ་བསུ་གྲབས་ཀྱིས་རིགས་མཐུན་ནང་དུ་མོ་རྩིས་རྩད་གཅོད་སོགས་བརྟག་དཔྱད་ཞིབ་ནན་བྱེད་ཀྱིན་ཡོད།   རང་བློར་འཚམས་པ་རེ་བྱུང་ན་ཕན་ཚུན་ཕ་གཉིས་ཀྱིས་གྲོས་བྱས་ནས་གཉེན་དོན་ཐག་གཅོད་བཞིན་ཡོད།འོན་ཀྱང་བུ་བུ་མོ་གཉིས་ལ་རང་དོན་རང་གིས་ཐག་གཅོད་པའི་དབང་ཆ་མེད། དེ་ནས་སློང་ཆང་དང་ནུ་རིན་སོགས་ལེན་སྲོལ་ཆགས་ཡོད།བོད་བཅིངས་འགྲོལ་ཐོབ་ནས་གཉེན་སྒྲིག་བཅའ་ཁྲིམས་ལག་ལེན་དུ་བསྟར་རྗེས།གཉེན་དོན་ཕ་མས་ཐག་གཅོད་པ་དེ་རྩ་བ་ནས་འགྱུར་ཡོད་ན་ཡང་།  གོམས་སྲོལ་རྣམས་མ་ཉམས་རྒྱུད་འཛིན་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1