གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༠༦ཉིན།

ཉག་ཆུ་དང་ཉག་རོང་གཉིས་ཀྱིས་དབྱི་པིན་དུ་ཚོང་འགུགས་དངུལ་འདྲེན་གྱི་ལས་གཞིའི་ཐད་མ་དངུལ་སྒོར་དུང་ཕྱུར2གཏང་རྒྱུའི་གྲོས་མཐུན་བཞག


    སྤྱི་ཟླ10པའི་ཚེས26ཉིན། དབྱི་པིན་གྲོང་ཁྱེར་གྱིས་ཉག་ཆུ་དང་ཉག་རོང་རྫོང་གཉིས་ཁ་གཏད་རོགས་སྐྱོར་གྱི་ཚོང་འགུགས་དངུལ་འདྲེན་ལས་གཞིའི་འོས་སྦྱོར་ཚོགས་འདུ་དབྱི་པིན་དུ་འཚོགས་པ་རེད།
    གྲོས་ཚོགས་ཀྱི་ཡུལ་དངོས་སུ། ཉག་ཆུ་རྫོང་དང་ཉག་རོང་རྫོང་གིས་ཁམས་པའི་ཕོ་རྒོད་ཀྱི་ཡུལ་སྐོར་ལྗོངས་ཁུལ་དང་ལྷ་རི་མའི་ཡུལ་སྐོར་ལྗོངས་ཁུལ་སོགས་ཀྱི་ཚོང་འགུགས་མ་རྩ་ནང་འདྲེན་བྱེད་པའི་ལས་གཞི5གཙོ་གནད་དུ་འོས་སྦྱོར་བྱས་ཏེ། མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར10ཡན་བཏང་ཡོད་པ་རེད།
    ད་ཐེངས་ཀྱི་ཚོང་འགུགས་འོས་སྦྱོར་ཚོགས་འདུ་ནི་དབྱི་པིན་གྲོང་ཁྱེར་གྱིས་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་པས། ཚོགས་འདུའི་སྟེང་དབྱི་པིན་གྱི་སྐུ་མགྲོན60ལྷག་ཙམ་ཞུགས་ཡོད་པ་རེད། ཚོགས་་འདུའི་ཐོག་ཏུ། ཁེ་ལས་མང་པོས་ཉག་ཆུ་རྫོང་དང་ཉག་རོང་རྫོང་གཉིས་ལ་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་བཞག་པའི་ལས་གཞི་ཁྱོན་བསྡོམས6ཡོད་པ་དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར2ལྷག་ཙམ་བཏང་བ་རེད།
    ཤེས་རྟོགས་བྱུང་བ་ལྟར་ན། 2010ལོ་ནས་བཟུང་དབྱི་པིན་གྲོང་ཁྱེར་གྱིས་རོགས་སྐྱོར་ལས་གཞི97གཏན་འཁེལ་བྱས་ནས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར5.36དོན་འཁྱོལ་བྱས་ཏེ། ལས་བྱེད་པམིའི་ཐེངས་གྲངས1000ཙམ་གྱིས་ཉག་ཆུ་རྫོང་དང་ཉག་རོང་རྫོང་ལ་རྒྱབ་སྐྱོར་བྱས་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1