གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༠༩ཉིན།

སྐྱེལ་འདྲེན་ཞབས་ཞུའི་ནུས་པར་ངོ་བོའི་ཐོག་ནས་འཕེལ་རྒྱས་བྱུང་།

        ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ་ད་གཟོད་རི་འགུལ་མཚོ་སྐྱོམ་ལྟ་བུའི་འགྱུར་ལྡོག་བྱུང་བར་ཚོར་ཞིང་། ལོ70རིང་ལ་དཀའ་སྤྱད་འབད་འཐབ་བྱས་པར་བརྟེན། དཔལ་ཡུལ་རྫོང་གི་འགྲིམ་འགྲུལ་འཛུགས་སྐྲུན་ཐད་གོང་འཕེལ་ཆེན་པོ་བྱུང་ཡོད།
        ལོ་ན57ལ་སོན་པའི་ཝང་ཝེ་ཆང་ནི་དཔལ་ཡུལ་རྫོང་གཞུང་ལམ་ལས་བཟོ་བ་རྒན་གྲས་ཤིག་ཡིན་ཞིང་། ད་ཆ་རྫོང་གཞུང་ལམ་ཁང་ནས་ལས་འཁྱུར་ངལ་གསོ་རྒྱག་གྲབས་ཡོད་པའི་ཁོང་གིས་རྫོང་ཡོངས་ཀྱི་འགྲིམ་འགྲུལ་འགྱུར་ལྡོག་སྐོར་གླེང་སྐབས། 1950ལོར་དཔལ་ཡུལ་རྫོང་དུ་འཕྲུལ་རྨོ་ས་ལམ་དང་རྐང་ལམ་ཕྲ་མོ་ལས་གཞུང་ལམ་སྨི་གཅིག་ཀྱང་མེད། བཅོས་བསྒྱུར་སྒོ་འབྱེད་མ་བྱས་གོང་རྫོང་ཡོངས་ཀྱི་གཞུང་ལམ་འཕེལ་རྒྱས་འགྲོ་ཚད་ཧ་ཅང་དལ་ཞིང་དཔེར་ན་ཤིང་སྡོང་སྐམ་པོར་ལོ་མ་རྒྱས་མི་ཐུབ་པ་ཞིག་དང་འདྲ་ལ་གཞུང་ལམ་འཛུགས་སྐྲུན་སྤྱིར་ན་འཕེལ་མེད་སོར་གནས་སུ་གནས་ཡོད་ཅེས་བཤད།
        1975ལོར་ལམ་ཐག་ཧྲིལ་པོར་སྤྱི་ལེ228ཡོད་པའི་དཀར་མཛེས་ནས་དཔལ་ཡུལ་བར་གྱི་གཞུང་ལམ་བསྐྲུན་ནས་དཔལ་ཡུལ་རྫོང་གི་གཞུང་ལམ་དང་པོར་གྱུར་ཅིང་། ས་གནས་དེ་གའི་མི་སེར་ཚོ་ལ་ལམ་མེད་སར་ལམ་གསར་པ་ཞིག་བཏོད་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།
        1986ལོའི་ཟླ་བ11པར་རོང་ལྷོ་ལམ་བསྐྲུན་ཡོད། དུས་སྐབས་དེའི་རིང་ལ། དཀར་མཛེས་གཞུང་ལམ་ཨར་ལས་ཡན་ལག་རུ་ཁག་དང་རོང་ལྷོ་གཞུང་ལམ་བཀོད་འདོམས་པུའུ་ལ་མི་ལག་མི་འདང་བ་དང་འཕྲུལ་ཆས་མེད་པས་གཞུང་ལམ་བཟོ་པའི་སྐབས་སུ་ལམ་རྒྱུད་ཀྱི་ཞིང་པའི་གླ་ཆ་མེད་པའི་གེ་ལག་ལ་བརྟེན་དགོས་པ་དང་། དེ་བཞིན་འཛུགས་སྐྲུན་ལ་ཞུགས་མཁན་རྣམས་ཀྱིས་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི་ལྷག་བསམ་ཟོལ་མེད་ཀྱི་སྙིང་སྟོབས་དང་ཡང་ཁ་འབྲལ་ཐབས་མེད།
        དུས་རབས་གསར་པར་སླེབས་པ་ནས་བཟུང་། ཁུལ་ཡོངས་སུ་ཚ་ཚ་འུར་འུར་གྱིས་རྫོང་ལ་སྣུམ་སྙིགས་གཞུང་ལམ་སྐྲུན་པ་གཙོས་པའི་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་མགོ་ཚུགས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག སྔ་རྗེས་སུ《དཀར་མཛེས་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཇུས་གཞི》ལག་བསྟར་བྱས་པ་དང་། 2013ལོ་ནས་བཟུང་ལོ་ལྟར་མ་དངུལ་སྒོར་དུང་ཕྱུར100ལྷག་ཙམ་བཏང་ཡོད། མི་ཚང་མས་དོ་སྣང་བྱེད་པའི་ཨར་ལས་ཚན་པ་འབོར་ཆེན་ཞིག་གཅིག་རྗེས་གཉིས་མཐུད་ངང་ལེགས་གྲུབ་བྱུང་ཡོད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1